དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལོ་སྟོད་དུ་བོད་ཀྱི་ཡོང་སྐོར་ཡོང་བབ་སྒོར་དུང་ཕྱུར་70ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   |     སྤེལ་དུས།  2016-08-05

    བོད་ཀྱི་ཡུལ་སྐོར་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་གྲངས་གཞི་ལས་མངོན་པར། ད་ལོའི་སྤྱི་ཟླ་དང་པོ་ནས་དྲུག་པ་བར་ལྗོངས་ཡོངས་ཀྱིས་ཡུལ་སྐོར་བ་མིའི་ཐེངས་གྲངས་ས་ཡ་དྲུག་དྲུག་དང་བརྒྱད་འབུམ་བདུན་ཁྲི་ཆིག་སྟོང་བཞི་བརྒྱར་སྣེ་ལེན་ཞུས་པས། ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ་31དང་གྲངས་ཆུང་9འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་བབ་སྒོར་དུང་ཕྱུར་70ཙམ་བྱུང་བས། དུས་མཚུངས་ལས་བརྒྱ་ཆ་32དང་གྲངས་ཆུང1འཕར་ཡོད། ལོ་སྟོད་དུ་བོད་ཀྱི་ཡུལ་སྐོར་ཁྲོམ་རར་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ཡུལ་སྐོར་རྣམ་པ་རིམ་བཞིན་མང་དུ་ཕྱིན་པ་དང་རྒྱལ་ནང་ཁྲོམ་ར་སྔར་བཞིན་འཁྲུག་ཆ་ཆེ་བ། ཉིན་གཅིག་གི་ཡུལ་སྐོར་བྱེད་མཁན་མངོན་གསལ་དོད་པོས་མང་དུ་ཕྱིན་པ་སོགས་ཀྱི་ཁྱད་ཆོས་མངོན་ཡོད།

    ད་ལོ་ནས་བཟུང་བོད་ཀྱིས་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྱོང་བྱ་རྒྱུར་དམ་འཛིན་བྱས་པས། ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་ཡུལ་སྐོར་བ་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ཡུལ་སྐོར་གྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་ཕྱིན་པའི་རྣམ་པ་མངོན་གསལ་དོད་དུ་ཕྱིན་ཡོད།

    ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྱོང་ལས་དོན་ཏག་ཏིག་སྒོ་ནས་ཡག་པོ་སྒྲུབ་ཆེད་རང་སྐྱོང་ལྗོངས་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འགོ་ཁྲིད་ཚོགས་ཆུང་གིས་ལས་ཀའི་ཇུས་གཞི་ནན་པོ་ཞིག་གཏན་འབེབས་བྱས་ཏེ། ཡུལ་སྐོར་ཁེ་ལས་དང་འབྲེལ་བ་ཡོད་པའི་ཕྱོགས་བསྡུས་ཁྲིམས་འཛིན་ཞིབ་བཤེར་བྱེད་པ་དང་གནད་དོན་འཚོལ་བཤེར་དང་ལེགས་སྒྲིག་ཧུར་ཐག་བྱ་རྒྱུར་རོགས་རམ་བྱས་ཡོད་པ་རེད།

    ཉིང་ཁྲིར་གནམ་ལྕགས་འབར་བ་དང་ཀླུ་ནང་ནགས་ཚལ། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་སོགས་ཕུན་སུན་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ཡོད་པ་དང་ཆབས་ཅིག་ད་དུང་མི་རིགས་མང་པོའི་འདུས་སྡོད་ཁུལ་གཅིག་ཡོད་པ། གཏིང་ཟབ་པའི་དམངས་སྲོལ་ནང་དོན་དང་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས། མི་ཆོས་རིག་གནས་ཀྱི་ཐོན་ཁུངས་བཅས་ཀྱིས་ཡུལ་སྐོར་བ་མང་པོ་སྤྲོ་གསེང་ལྟ་སྐོར་ཡོང་རྒྱུའི་བློ་ཡིད་བཀུག་ཡོད།

    ཉིང་ཁྲིའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཁུལ་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྱོང་མགྱོགས་སུ་གཏོང་ཆེད། ཉེ་དུས་ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་ཁང་དང་མཛེས་ལྗོངས་ཁུལ་གྱི་གནས་ལྗོངས། མགྲོན་ཁང་སོགས་ལ་ཞིབ་བཤེར་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལས་དོན་ལ་བརྟན་པོའི་སྒོ་ནས་སྐུལ་འདེད་བཏང་ཐོག ཡུལ་སྐོར་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད། ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་བཅས་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད།

    མིག་སྔའི་བར་སླེབས་དུས་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་ལས་རིགས་ཀྱིས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཁྲིམས་འཛིན་ཞིབ་བཤེར་ཐེངས་65བྱས་པ་དང་བཟོ་ཚོང་དང་ཟོག་གོང་། སྤྱི་བདེ་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་ཁྲིམས་འཛིན་ཞིབ་བཤེར་ཐེངས་43བྱས་པ་དང་། རིགས་ཁག་གི་ཡུལ་སྐོར་ཁེ་ལས་315ར་ཞིབ་བཤེར་བྱས་པ། ཡུལ་སྐོར་ཚོགས་པ་78ལ་ཞིབ་བཤེར་བྱས་པ། ཡུལ་སྐོར་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་75མེད་པ་བཟོས་པ་བཅས་བྱས་ཡོད་པ་རེད།

    ཁྲེན་ཏུའུ་ནས་ཕེབས་བའི་ཡུལ་སྐོར་བ་སྐུ་ཞབས་ཧོ་ལགས་ཀྱིས་བཟའ་ཟླ་དང་བུ་མོ་ཁྲིད་དེ་ཁྲོམ་བོད་གཞུང་ལམ་རྒྱུད་རང་སྒེར་གྱི་རླངས་འཁོར་བཏང་སྟེ་བོད་དུ་ཡོང་བ་དང་། ལམ་བར་གྱི་ལྟ་བས་མི་ངོམས་པའི་ཡུལ་ལྗོངས་ཀྱིས་ཁོ་ཚོ་ནང་མི་ཚོའི་བློ་ཡིད་ཚིམ་ཡོད། སྐུ་ཞབས་ཧོ་ལགས་ཀྱིས་གསར་འགོད་པར་ལམ་བར་གྱི་མཛེས་ལྗོངས་ཧ་ཅང་ཡིད་དུ་འོང་བ་ཞིག་འདུག་པས་གདོད་མའི་མཛེས་ཉམས་ཀྱི་སྣང་བ་ཞིག་སྟེར་བྱུང་། ཉིང་ཁྲིར་སླེབས་སྐབས་ང་ཚོས་ཤེས་རྟོགས་བར་བོད་ཀྱི་ཡུལ་སྐོར་གོང་འཕེལ་ཧ་ཅང་ཡག་པོ་བྱུང་བ་དང་མགྲོན་ཁང་གི་ཁོ་ར་ཁོར་ཡུག་གཙང་བ།

    ད་ཐེངས་ཀྱི་ཡུལ་སྐོར་གྱིས་ང་ཚོར་སྤྲོ་སྣང་མང་པོ་སྦྱིན་བྱུང་ཞེས་བཤད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།