དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ཀྱིས་ཡིད་རྟོན་དངུལ་བུན་ལས་སྒོ་ཧུར་ཐག་སྤེལ་ནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ལ་རྒྱབ་སྐྱོར་ཤུགས་ཆེ་བྱས་པ།

  • ཡོང་ཁུངས།  བོད་ལྗོང་འཕྲིན་དྲ།   |     སྤེལ་དུས།  2016-08-04

    ཉེ་དུས་གསར་འགོད་པས་འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་ཀྱིས་ཡིད་རྟོན་དངུལ་བུན་ལས་སྒོ་ཧུར་ཐག་སྤེལ་ནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པ་དང་།  དངུལ་རྩས་ཡུལ་སྐོར་ལས་རིགས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཡུལ་སྐོར་ཁེ་ལས་དང་དངུལ་རྩའི་ལས་རིགས་དབར་སྦྲེལ་མཐུད་བྱེད་རྒྱུར་སྐུལ་འདེད་བཏང་བ་རེད།

    དེང་སྐབས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་།  ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་།  ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་།  འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་།  དམངས་འཚོའི་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་བཅས་ཚང་མས་ཡུལ་སྐོར་ཐོན་ལས་ལ་རྒྱབ་སྐྱོར་བྱེད་པའི་ཡིད་རྟོན་དངུལ་བུན་ལས་སྒོ་གཉེར་ཡོད་པ་དང་།  སྤྱི་ལོ་2015ལོའི་ལོ་མཇུག་ཏུ་བོད་དུ་ཡོད་པའི་ཡུལ་སྐོར་རིགས་ཀྱི་ཁེ་ལས་ལ་དངུལ་བུན་སྒོར་དུང་ཕྱུར་25ལྷག་ཙམ་བཏང་བ་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ་72འཕར་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་།  གཙོ་གནད་ཐོག་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཀྱི་ཁོར་ཡུག་ལེགས་བཅོས་ཧུར་ཐག་བཏང་བ་རེད།  

    སྤྱི་ལོ་2016ལོའི་ཟླ་6པའི་ཟླ་མཇུག་བར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཡུལ་སྐོར་ཐོན་ལས་ཐད་དངུལ་བུན་སྒོར་དུང་ཕྱུར་4.96བཏང་བའི་ནང་དབུལ་སྐྱོར་དངུལ་བུན་སྒོར་ཁྲི་ཚོ་9500བཏང་ནས་ཞིང་འབྲོག་མང་ཚོགས་3000ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དང་མི་རེར་ལོ་རེར་དངུལ་སྨར་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་བྱུང་ཡོད།  ཞིང་ལས་གསར་སྤེལ་དངུལ་ཁང་བོད་ལྗོངས་ཡན་ལག་ཁང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་80བཏང་བ་དང་ཆབས་ཅིག་བོད་དུ་ཡོད་པའི་དངུལ་ཁང་ལས་རིགས་ཁག་གི་དངུལ་རྩའི་ཚན་པས་གཙོ་གནད་ཐོག་སྣེ་འདྲེན་ཁེ་ལས་དང་ཁྱད་ལྡན་ཐོན་ལས།  ཡུལ་སྐོར་ཐོན་ལས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་སོགས་ལ་རོགས་སྐྱོར་བྱེད་པ་དང་།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རོགས་བྱས་ཏེ།  དབུལ་སྐྱོར་གནད་འཕིགས་ཀྱི་དམིགས་ཚད་སྒྲུབས་ནས་དཀའ་ངལ་ཡོད་པའི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།