དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་མཐོ་རུ་ཧུར་ཐག་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-04

    བོད་ཀྱི་ཡུལ་སྐོར་དཔལ་འབྱོར་འཁོར་སྐྱོད་བྱེད་ཚུལ་གྱི་གྲངས་གཞི་ལས་མངོན་གསལ། འདི་ལོའི་ཟླ་དང་པོ་ནས་དྲུག་པའི་བར། ལྗོངས་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་687.14ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་31.9%འཕར་བ། ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་70.02བྱུང་བ་དེ་དུས་མཚུངས་ལས་32.1%འཕར་ཡོད་པ་རེད། ཟླ་དྲུག་པ་ཁོ་ནར་ལྗོངས་ཡོངས་ཀྱིས་མཐའ་མཚམས་བསྒྲལ་ནས་ཡོང་བའི་ཡུལ་སྐོར་བ་མི་ཐེངས་14546ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་40.1%འཕར་བ། ལོ་ཕྱེད་རིང་། ཉིན་གཅིག་ཡུལ་སྐོར་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་248.07ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་30.8%འཕར་ཡོད་པ་རེད།

    གྲངས་གཞི་དེ་དག་ལས་ང་ཚོས་གསལ་པོ་ཤེས་གསལ། ལོ་སྟོད་དུ་རང་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རར་མཐའ་མཚམས་བསྒྲལ་ནས་ཡོང་བའི་ཡུལ་སྐོར་བ་རིམ་བཞིན་མང་དུ་ཕྱིན་པ་དང་། རྒྱལ་ནང་གི་ཁྲོམ་ར་སྔར་བཞིན་འཁྲུག་ཆ་དོད་པ། ཉིན་གཅིག་ཡུལ་སྐོར་བྱེད་མཁན་མངོན་གསལ་དོད་པོས་མང་དུ་ཕྱིན་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།

    འདི་ལོ་ནས་བཟུང་། རང་ལྗོངས་ཀྱིས་ཡུལ་སྐོར་ཞབས་ཞུ་ཚད་གཞི་ཅན་འཛུགས་སྐྱོང་ལ་དམ་འཛིན་བྱས་པས་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། ཡུལ་སྐོར་བ་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ཡུལ་སྐོར་ཕྱོགས་བསྡུས་ཀྱི་ཕན་ནུས་མངོན་གསལ་དོད་པོས་ཆེ་རུ་་ཕྱིན་ཡོད།

    ཡུལ་སྐོར་ཞབས་ཞུ་ཚད་གཞི་ཅན་འཛུགས་སྐྱོང་གི་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབ་ཆེད། རང་སྐྱོང་ལྗོངས་ཡུལ་སྐོར་ཞབས་ཞུ་ཚད་གཞི་ཅན་འགོ་ཁྲིད་ཚོགས་ཆུང་གིས་ལས་དོན་གྱི་ཇུས་གཞི་ཞིབ་ཅིང་ཕྲ་བ་བཟོས་ནས། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་སུ་ཕྱོགས་བསྡུས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱས་ཏེ་གནད་དོན་འཚོལ་རོགས་དང་དག་ཐེར་ཧུར་ཐག་བྱེད་རོགས་བྱས་པ་དང་དུས་མཚུངས། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱིས་རང་འགུལ་ངང་བྱ་སྤྱོད་དང་བྱེད་ཐབས་སྣ་ཚོགས་སྤེལ་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་ལས་བཟོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཡུལ་སྐོར་བ་བློ་ཡིད་ཚིམ་ཚད་མཐོ་རུ་ཧུར་ཐག་བཏང་བ་རེད།

    ཟླ་7ཚེས་12ཉིན་ནས་བཟུང་། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་སྣེ་ཁྲིད་དེ་མེ་ཟོན་དང་། སྤྱི་བདེ། བཟའ་བཅའ་དང་སྨན་རྫས། སྤུས་ཚད་ལྟ་སྐུལ་སོགས་སྡེ་ཚན་དང་མཉམ་འབྲེལ་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་སྐར་མ་རིམ་པའི་མགྲོན་ཁང་དང་དེ་བཞིན་ཟ་ཁང་ཁག་གཅིག་ཏུ་དུས་ཡུན་ཉིན་9ཡི་ཡུལ་སྐོར་ཞབས་ཞུ་ཚད་གཞི་ཅན་ལ་ཞིབ་བཤེར་ཆེན་པོ་བྱས་པ་རེད།

    ཞིབ་བཤེར་བྱེད་རིང་། སྐར་མ་རིམ་པའི་མགྲོན་ཁང་དང་དེ་བཞིན་ཟ་ཁང་མང་ཆེ་བས་འབྲེལ་ཡོད་བླང་བྱར་ནན་པོར་གཞིགས་ཏེ། ལས་ཀའི་ལམ་ལུགས་བཟོས་ནས་ཡུལ་སྐོར་ཞབས་ཞུ་ཚད་གཞི་ཅན་གྱི་ལས་དོན་རིམ་བཞིན་སྤེལ་གྱི་ཡོད་པ་རེད།

    བོད་ལྗོངས་ཧྲེན་ཤིང་ཡུལ་སྐོར་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་སང་ཅིང་ལེའང་གིས། ཀུང་སིས་ཡུལ་སྐོར་ཞབས་ཞུ་ཚད་གཞི་ཅན་གྱི་ལས་དོན་དེ་དུས་ཡུན་རིང་པོའི་འཆར་འགོད་ནང་བཅུག་ནས་གོམ་སྟབས་རྗེས་མར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཐད་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱི་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ལུགས་བཤད།

    ཉིང་ཁྲིའི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་དང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་གྱི་དམིགས་ཚད་སྐྲུན་མགྱོགས་སུ་གཏོང་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་ལས་དོན་ཁང་དང་། མཛེས་ལྗོངས་ཁུལ། ཨར་ཁང་སོགས་སུ་ཞིབ་བཤེར་བྱས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་ཞབས་ཞུ་ཚད་གཞི་ཅན་འཛུགས་སྐྱོང་ལས་དོན་ལ་སྐུལ་མ་བཏང་སྟེ་ཕྱོགས་ཡོངས་ནས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་དང་། ཆུ་ཚད། ཡུལ་སྐོར་བ་བློ་ཡིད་ཚིམ་ཚད་བཅས་མཐོ་རུ་གཏོང་གི་ཡོད། མིག་སྔའི་བར། ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་ལས་རིགས་ཀྱིས་ཡུལ་སྐོར་ཕྱོགས་བསྡུས་ཁྲིམས་འཛིན་ཞིབ་བཤེར་ཐེངས་65བྱས་པ་དང་། བཟོ་ཚོང་དང་། ཟོག་གོང་། སྤྱི་བདེ་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་ཁྲིམས་འཛིན་ཞིབ་བཤེར་ཐེངས་43བྱས་པ། རིགས་ཁག་གི་ཡུལ་སྐོར་ཁེ་ལས་315ལ་ཞིབ་བཤེར་བྱས་པ། ཡུལ་སྐོར་ཚོགས་པ་78ལ་ཞིབ་བཤེར་བྱས་ནས་ཡུལ་སྐོར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་75མེད་པར་བཟོས་པ་རེད།

    སྒེར་འཁོར་བཏང་ནས་བོད་དུ་ཡོང་མཁན་གྱི་ཡུལ་སྐོར་བ་མང་དུ་འགྲོ་བ་དང་བསྟུན་ནས། ཡུལ་སྐོར་ཚོགས་པས་སྲོལ་རྒྱུན་ཡུལ་སྐོར་ལ་ཤུགས་རྐྱེན་ཕོག་ཡོད། གནས་ཚུལ་དེར་དམིགས་ཏེ་ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱི་ཨར་ཁང་དང་མགྲོན་ཁང་100ལྷག་ཙམ་གྱི་གཉེར་སྐྱོང་མཁན་ཉིང་ཁྲིའི་བློ་གྲོས་ཡུལ་སྐོར་ཐོན་རྫས་འོས་སྦྱོར་ཚོགས་འདུར་ཞུགས་ནས་ཉིང་ཁྲིའི་ཡུལ་སྐོར་འཕེལ་རྒྱས་དང་དྲ་སྦྲེལ+ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་དང་ཉིང་ཁྲིའི་བློ་གྲོས་ཡུལ་སྐོར་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། དེ་བས་གཅིག་སྡུད་དང་སྟབས་བདེའི་ཞབས་ཞུ་བརྒྱུད་ཡུལ་སྐོར་བར་དེ་བས་མང་བའི་གདམ་ཁ་མཁོ་འདོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།