དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི“ཁྱིམ་ཚང་ཡག་ཤོས”འཚོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-03

    མཐའ་དར་དམངས་ཕྱུག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་བསྟུན་ནས། རང་ལྗོངས་ཀྱི་མཐའ་ཁུལ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། མཚོ་སྣ་རྫོང་མག་མག་མོན་པའི་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་བསྐྲུན་པ་དང་སྦྲགས། གྲལ་སྟར་འགྲིག་ལ་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཁང་གསར་མོན་པ་མི་རིགས་ས་ཁུལ་གྱི་མཛེས་ལྗོངས་ཤིག་ཏུ་གྱུར། མག་མག་མོན་པ་མི་རིགས་ཤང་གི་གྲོང་མི་གཡང་འཛོམས་ཀྱིས་ཚོང་ལས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་ཁྱད་ལྡན་ཐོན་ཟོག་ཚོང་ཁང་ཞིག་བཙུགས་ཏེ། རང་ཉིད་ལ་བརྟེན་ནས་ཕྱུག་པོ་ཆགས་ཐབས་བྱས་པས། རིམ་བཞིན་ཕྱུག་འགྱུར་གྱི་ལམ་ལ་སླེབས་ཏེ་བདེ་སྐྱིད་ཀྱི་འཚོ་བར་རོལ་རྒྱུ་བྱུང་ཡོད།

    306678_yis_1469683874923_s.jpg

    འདི་ནི་གཡང་འཛོམས་དང་གྲོགས་མོ་མཉམ་དུ་གྲོང་ཚོའི་རིག་གནས་ཐང་ཆེན་དུ་འཆམ་འཆམ་བྱེད་བཞིན་པ།

    306679_yis_1469683876000_s.jpg

    འདི་ནི་གཡང་འཛོམས་ཀྱིས་ཡུལ་སྐོར་བར་ཁྱད་ལྡན་ཐོན་ཟོག་འཚོང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།