ཉིན་ཤས་གོང་ཧོང་ཏ་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྱི་གྲོང་རྡལ་ཆུང་གྲས་ཀྱི་ཐོན་རྫས་དཔྱད་འདེམས་ཚོགས་འདུ་དང་ཚོང་འགུགས་འགོ་ཚུགས་མཛད་སྒོ་ལྷ་སར་གཉེར་བ་དང་། རྣམ་གྲངས་དེར་དུས་ཡུན་ལོ་5ཡིན་པ་དང་མ་དངུལ་སྒོར་དུང་ཕྱུར་30ལྷག་བཏང་ཡོད་པ་རེད། མིག་སྔར། རྣམ་གྲངས་དེ་མཐའ་མའི་ལས་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་ཡོད་པ་དང་། སྔོན་དཔག་བྱས་ན་འདི་ལོའི་ཟླ་10ཚེས་1ཉིན་དངོས་སུ་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་ཡིན་པ་རེད།
ཀོང་ཏུང་ཞིང་ཆེན་གྱི་གཙོ་གནད་བོད་སྐྱོར་རྣམ་གྲངས་ཡིན་པའི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་བསྐྲུན་ཟིན་རྗེས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཡོད་པའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་དང་བོད་ཤར་ལྷོའི་ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས། བོད་ཀྱི་མཚོན་རྟགས་རང་བཞིན་གྱི་གལ་ཆེའི་ཡུལ་སྐོར་གནས་བཅས་སུ་འགྱུར་རྒྱུ་ཡིན་པ་རེད།
ཧང་ཏ་ཚོགས་པའི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ནི་ཀོང་ཏུང་གི་ཁ་གཏད་བོད་སྐྱོར་ལས་དོན་གྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ལ་བོད་ཀྱི་ཡུལ་སྐོར་རིམ་སྤོར་འཕེལ་རྒྱས་ཀྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཀྱང་ཡིན་པ་དང་། བོད་ཀྱི་ཕྱོགས་ཡོངས་གཞི་གཅིག་ཅན་གྱི་ཡུལ་སྐོར་ཁྱད་ལྡན་གསར་སྤེལ་གྲོང་རྡལ་ཆུང་ངུ་བཏོད་ཡོད་པ་དང་། ཉིང་ཁྲིའི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་དང་བོད་ཀྱི་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་བསྐྲུན་རྒྱུའི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།