དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • 2016ལོའི་ཀྲུང་གོའི་ཡུལ་སྐོར་ཚོང་ཟོག་གི་འགྲན་བསྡུར་ཆེ་མོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-01

    ཉིན་ཤས་གོང་། སྐབས་བརྒྱད་པའི་ཀྲུང་གོ་རྒྱལ་སྤྱིའི་ཡུལ་སྐོར་ཚོང་ཟོག་གི་དངོས་མང་སྟོན་ཚོགས་དང་2016ལོའི་ཀྲུང་གོ་ཡུལ་སྐོར་ཚོང་ཟོག་གི་འགྲན་བསྡུར་ཆེ་མོ་ཀྲེ་ཅང་ཞིང་ཆེན་དབྱི་ཝུའུ་གྲོང་ཁྱེར་དུ་བྱས་ཤིང་། རང་ལྗོངས་ཀྱི་ཡུལ་སྐོར་ཚོང་ཟོག་གསུམ་དག་འགྲན་ཞུགས་བརྩམས་ཆོས་3300ལྷག་ཙམ་གྱི་ཁྲོད་ནས་འབུར་དུ་ཐོན་ཏེ་གསེར་གྱི་བྱ་དགའ་གཅིག་དང་ཟངས་ཀྱི་བྱ་དགའ་གཉིས་ཐོབ་ཡོད། དེའི་ཁྲོད་ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་ལས་དོན་ཅུས་ཀྱིས་འདེམས་སྐྱེལ་བྱས་པའི“སྨོན་གྲོལ་གླིང་གི་སྤོས”ལ་གསེར་གྱི་བྱ་དགའ་ཐོབ་པ་དང་། བོད་ལྗོངས་ཐན་ལི་དཔལ་འབྱོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་འདེམས་སྐྱེལ་བྱས་པའི“བྱང་ཆུབ་ལོ་མ”དང་ལྷ་ས་གྲོང་ཁྱེར་ཧོ་མེ་པོ་ཏ་ལ་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་འདེམས་སྐྱེལ་བྱས་པའི“འུན་ཤིང་ཀོང་ཇོའི་ཡུལ་སྐོར་ཐོན་རྫས་སྣ་ཚོགས”ལ་ཟངས་ཀྱི་བྱ་དགའ་ཐོབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཤུགས་རྐྱེན་ཆེན་པོ་ལྡན་པའི་བོད་ཀྱི་ཡུལ་སྐོར་ཐོན་རྫས་ཁག་གཅིག་ནུས་ཤུགས་ཡོད་རྒུས་གཏོད་ཆེད། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ཚན་པ་14སྒྲིག་འཛུགས་བྱས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་ཟོག་100ལྷག་ཙམ་སྐབས་འདིའི་དངོས་མང་སྟོན་ཚོགས་ནང་ངོམས་སྟོན་བྱས་ཁར། འགྲེམས་གནས་སུ་སྔ་སྣུར་ནས་བོད་ཀྱི་ཁྱད་ལྡན་བོད་བཟོའི་རྣམ་པ་བཀོད་སྒྲིག་བྱས་ཡོད། འགྲེམས་སྟོན་བྱེད་རིང་། ཐང་ག་དང་། སྤོས། གྱོན་གོས། རྩམ་པའི་ཏན་ཞིམ། བོད་བཟོའི་བཟོ་རྩལ། ནག་ཆུའི་ཁྱད་ལྡན་ལག་ཤེས་ཡི་ཙི་སོགས་བོད་ཀྱི་ཁྱད་ལྡན་ཐོན་རྫས་ལ་རྒྱལ་ཁབ་ཕྱི་ནང་གི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།