དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • འབྲི་ཆུའི་ཟུར་གསུམ་གླིང་དུ་བོད་ཀྱི་ཡུལ་སྐོར་ཁྱབ་གདལ་གཟའ་འཁོར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-30

    ཉེ་ཆར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་ཐེན་ལི་དཔལ་འབྱོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་གཉེར་འགན་ཁུར་བའི“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”སྟེ། 2016ལོའི་བོད་ཀྱི་ཡུལ་སྐོར་ཁྱབ་གདལ་གཟའ་འཁོར་འབྲི་ཆུའི་ཟུར་གསུམ་གླིང་དུ་གཉེར་འགོ་ཚུགས་པ་རེད།

    “མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”སྟེ། 2016ལོའི་བོད་ཀྱི་ཡུལ་སྐོར་ཁྱབ་གདལ་བྱེད་སྒོའི་དམིགས་ཡུལ་ནི་སྐུ་མགྲོན་ཚོར་བོད་ཀྱི་ཡུལ་སྐོར་མཚམས་སྦྱོར་དང་ཁྱབ་གདལ་བཏང་སྟེ་ས་ཁོངས་དེ་གར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཐོག་འབྲི་ཆུའི་ཟུར་གསུམ་གླིང་དུ་བོད་ཀྱི་ཡུལ་སྐོར་སྐད་གྲགས་ཆོད་ཚད་དང་། མཚན་སྙན་ལྡན་ཚད། ཁྲིད་སྟོན་བྱེད་ཤུགས་བཅས་སྔར་བས་སྲ་བརྟན་དུ་བཏང་ནས་མི་དེ་བས་མང་བས་བོད་དུ་ཡུལ་སྐོར་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་རྒྱུ་དེ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།