གསར་འགོད་པས་ཉིན་ཤས་གོང་ལྷ་ས་མེ་འཁོར་བབ་ཚུགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཟླ་7པ་ནས་བཟུང་ལྷ་སའི་མེ་འཁོར་བབ་ཚུགས་ཀྱིས་ཉིན་རེར་ཆ་སྙོམས་འགྲུལ་པ་6536བོད་ནས་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་དེ་གོང་གི་དུས་ཚིགས་དང་བསྡུར་ན་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད།
ལྷ་ས་མེ་འཁོར་བབ་ཚུགས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས། སྤྱི་ཚེས་11ཉིན་ནས་བཟུང་བོད་ནས་ཕར་འགྲོ་ཚུང་འོང་བྱེད་མཁན་འགྲུལ་པ་15000ཡས་མས་ཟིན་གྱི་ཡོད་པའི་ནང་བོད་ནས་ཕྱིར་སྐྱོད་མཁན་འགྲུལ་པ་6600ཡས་མས་ཟིན་ཡོད་པས། རྒྱ་ཆེའི་འགྲུལ་པའི་དགོས་མཁོ་བསྐོང་ཆེད། ལྷ་ས་ནས་གཞིས་རྩེ་བར་དང་ལྷ་ས་ནས་ཟི་ལིང་བར་གྱི་མེ་འཁོར་ལྷག་མ་བཏང་ཡོད་པ་རེད་ཅེས་གསུངས། འགན་འཁུར་བ་དེས། དེང་སྐབས་བོད་ནས་ཕར་འགྲོ་ཚུང་འོང་བྱེད་པའི་མེ་འཁོར་སྡོད་མཁན་འགྲུལ་པ་བརྒྱ་ཆ་98ཡན་ཟིན་པ་དང་མེ་འཁོར་ཁ་ཅིག་ནང་འགྲུལ་པ་ཞུགས་ཚད་བརྒྱ་ཆ་100ཟིན་གྱི་ཡོད་པས། བོད་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་མེ་འཁོར་པ་སེ་ཉོ་ཁག་ཙམ་ཡོད་ཅེས་གསུངས།
གཞན་ཡང་། མེ་འཁོར་པ་སེ་ཚོང་ས་དང་ཚབ་ཚོང་བྱེད་སས་པ་སེ་སྔོན་མངག་བྱེད་པའི་དུས་ཚོད་ཉིན་58དང་། དྲ་ཐོག་དང་ཁ་པར་རྒྱུད་པ་སེ་སྔོན་མངག་བྱེད་པའི་དུས་ཚོད་ཉིན་60ཡིན་པས་ཕྱིར་སྐྱོད་མཁན་འགྲུལ་པ་ཚོས་ཡག་ཤོས་ལ་པ་སེ་སྔོན་མངག་བྱེད་དགོས་པའི་དྲན་སྐུལ་གནང་བ་རེད།