དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • 2016ལོའི་བོད་ལྗོངས་ཀྱི་ཡུལ་སྐོར་འོས་སྦྱོར་གཟའ་འཁོར་བྱེད་སྒོ་སྤེལ་འགོ་ཚུགས་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   |     སྤེལ་དུས།  2016-07-25

    མི་ཡུལ་གྱི་གནས་མཆོག མཁའ་འགྲོའི་ཞིང་ཁམས་ཞེས་པ་བརྗོད་བྱ་གཙོ་བོ་བྱས་པའི་སྤྱི་ལོ་2016ལོའི་བོད་ལྗོངས་ཀྱི་ཡུལ་སྐོར་འོས་སྦྱོར་གཟའ་འཁོར་བྱེད་སྒོ་སྤྱི་ཚེས་22ཉིན་འབྲི་ཆུའི་ཟུར་གསུམ་གླིང་གི་ས་ཁུལ་ལ་སྤེལ་འགོ་ཚུགས་ཡོད། བྱེད་སྒོ་དེས་ཧྲང་ཧད་དེ་ཉིད་ས་ཚིགས་ཨང་དང་པོར་བཞག་ཐོག རིམ་བཞིན་ཉིང་པོ་དང་ནན་ཅིང་ལ་ཡུལ་སྐོར་འོས་སྦྱོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ས་ཁུལ་གསུམ་གྱི་གྲོང་མིར་བོད་ལྗོངས་ཀྱི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་ཉམས་ཆོས་ཐད་མཐོང་བ་ལག་རྩེར་སོན་པའི་མྱོང་རོལ་ཐུབ་པ་བྱ་རྒྱུ་རེད།

    ད་རེས་ཀྱི་འོས་སྦྱོར་གཟའ་འཁོར་དེ་ནི་བོད་རང་སྐྱོང་ལྗོངས་ཡུལ་སྐོར་གོང་འཕེལ་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་ཤིང་། མཉམ་སྒུལ་མྱོང་ཚོར་དང་གླུ་གར་འཁྲབ་སྟོན། དམངས་སྲོལ་འགྲེམས་སྟོན་སོགས་ཀྱི་རྣམ་པའི་ཐོག་ནས་འབྲི་ཆུའི་ཟུར་གསུམ་གླིང་ས་ཁུལ་གྱི་གྲོང་མིར་ཕྱོགས་ཡོངས་ནས་ཐུན་མོང་མ་ཡིན་པའི་བོད་མི་རིགས་ཀྱི་ཁྱད་ཆོད་ལྡན་པའི་ཡུལ་སྐོར་ཐོན་ཁུངས་དང་གནས་ལྗོངས་ལེགས་གྲས་ངོ་སྤྲོད་བྱ་རྒྱུ་རེད།

    ཐེངས་འདིའི་བྱེད་སྒོའི་ཐོག བོད་ལྗོངས་ཡུལ་སྐོར་སྡེ་ཁག་གིས་གནས་མཆོག་ལྷ་ས། བདེ་སྐྱིད་ཀྱི་སྙན་དབྱངས་ཞེས་པ་དང་མོས་ངོས་མཚར་བའི་ཇོ་མོ་གླང་རི། ངོ་མཚར་ཆེ་བའི་གཞིས་རྩེ་ཞེས་པ། མཛའ་གཅུགས་ཀྱི་སྙན་སྒྲོག ཡར་ཀླུང་གི་ཕུགས་འདུན་ཞེས་པ་ཉིང་ཁྲིའི་མཛེས་ལྗོངས་ཀྱིས་རབ་ཏུ་མྱོས་ཤིང་། རང་གིས་རླང་འཁོར་བཏང་ནས་མེ་ཏོག་ལ་བསྐྱོད་ཅེས་པ། མཁའ་འགྲོའི་གླིང་གི་བོད་ལྗོངས། རྨི་ལམ་ནང་གི་མངའ་རིས་ཞེས་པ་སོགས་ཡུལ་སྐོར་གྱི་ལམ་ཐིག་ཆེན་པོ་བདུན་འདོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།