དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “གྲོང་གསེབ་ཏུ་ཡུལ་སྐོར”བྱེད་པར་བརྟེན་ནས་ཕྱུག་འགྱུར་ཕུགས་འདུན་མངོན་འགྱུར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-24

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་གནད་སྨིན་དབུལ་སྐྱོར་ཟུང་འབྲེལ་བྱས་ནས་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་ཉིང་ཁྲིའི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཡུལ་སྐོར་དབུལ་སྒྲོལ་ལམ་བུ་ཞིག་གི་ཐོག་བསྐྱོད་ཡོད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤེ་པ་གྲོང་རྡལ་འབྲས་པ་གྲོང་ཚོ་ནི་རྒྱལ་ལམ་318ཀྱི་ལམ་རྒྱུད་དང་ཉང་ཆུའི་ངོགས་སུ་གནས་ཡོད། དམིགས་བསལ་ཁྱད་ཆོས་ལྡན་པའི་ས་ཁོངས་ལེགས་ཆར་བརྟེན་ནས་གྲོང་ཚོ་དེས་ལོ་དྲུག་སྔོན་ནས་བོད་ཁྱིམ་སྤྲོ་སྐྱིད་ཁང་གི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། ཡུལ་སྐོར་ལ་བརྟེན་ནས་འབབ་འཕར་བྱུང་བ་དང་ལོ་གཅིག་ནང་ཡུལ་སྐོར་བ་ཁྲི་2ཙམ་ལ་སྣེ་ལེན་ཞུ་ཡི་ཡོད།

    ཀོང་ཏུང་ནས་ཡིན་པའི་མཁྱེན་ལྡན་མ་ཡང་ལགས་ནི་ཉིང་ཁྲིར་ཡོང་ཐེངས་གསུམ་པ་ཡིན་པ་དང་། ཡོང་རེས་བཞིན་འབྲས་པ་གྲོང་ཚོར་བསྐྱོད་ནས་བོད་ཁྱིམ་གྱི་ཟས་མཆོག་ལ་རོལ་བ་དང་། ཀོང་པོའི་ཞབས་བྲོ་ཉམས་སུ་མྱོང་བ། ཀོང་པོའི་ལ་གླུ་ཉན་པ་བཅས་བྱེད་ཀྱི་ཡོད། ཁོང་གིས“གནས་འདིའི་ཐམས་ཅད་ལྟ་ན་སྡུག་པ་ཞིག་ཡོད་པས། ངའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་སོང”ཞེས་བཤད་བྱུང་།

    འབྲས་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་སྟོབས་རྒྱལ་གྱིས་ད་ཆ་མཉམ་ལས་ཁང་དུ་འགྲུལ་ཁང་ཁང་མིག་14དང་ཉལ་ཁྲི་60ཡོད་པ་མ་ཟད། ད་དུང་བཟའ་བཏུང་དང་གླུ་གར་འཁྲབ་སྟོན་སོགས་ཀྱི་ཞབས་ཞུ་ཡོད་སྟབས། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་ཡོང་གི་འདུག་ཅེས་གསར་འགོད་པར་བརྗོད་བྱུང་།

    བསོད་ནམས་སྟོབས་རྒྱལ་གྱིས་མཉམ་ལས་ཁང་བཙུགས་མ་ཐག་པའི་སྐབས་བསྡུས་པའི་ལས་མི་ནི་གྲོང་ཚོའི་ནང་གི་སྟག་ཤར་གཞོན་པ་ཤ་སྟག་ཡིན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགོ་བཙུགས་རྗེས་ང་ཚོས་དཀའ་ངལ་ཡོད་པའི་དུད་ཚང་9མཉམ་ལས་ཁང་ནང་བཅུག་པ་ཡིན། དཀའ་ངལ་ཡོད་པའི་དུད་ཚང་དབུལ་པོའི་མི་མང་ཆེ་བ་ནི་དབང་པོ་སྐྱོན་ཅན་ཡིན་པ་དང་མཉམ་ལས་ཁང་གིས་ཁོང་ཚོའི་མི་སྒེར་གྱི་གནས་ཚུལ་ལ་གཞིགས་ནས་ལས་ཀ་བཀོད་སྒྲིག་བྱས་ཡོད་ཅེས་གསར་འགོད་པར་བརྗོད་བྱུང་།

    བསོད་ནམས་ཀྱི་རྐང་པ་གཡོན་མ་ཐང་པོ་མེད་པས། མཉམ་ལས་ཁང་གིས་ཁོང་ལ་ཕོར་པ་བཀྲུ་བའི་ལས་བགོས་བརྒྱབ། ད་ཆའི་ལས་ཀའི་སྐོར་གླེང་སྐབས་བསོད་ནམས་ཀྱིས་འཛུམ་དམུལ་དམུལ་ངང“ཕོར་པ་བཀྲུས་ནའང་ཡོང་འབབ་རག་གི་འདུག”ཅེས་གསར་འགོད་པར་བརྗོད་བྱུང་། ད་ཆ་ཁོང་ལ་ཟླ་རེར་གླ་ཆ་སྒོར་2300ཡོད་པས། ཟས་གོས་ཐད་སེམས་ཁྲལ་གང་ཡང་མེད།

    ཡུལ་སྐོར་བ་མང་བའི་དུས་སུ་མཉམ་ལས་ཁང་གིས་ཉིན་ལྟར་ཡུལ་སྐོར་བ་མི་ཐེངས་500ལྷག་ཙམ་ལ་སྣེ་ལེན་ཞུས་ནས་ཡོང་འབབ་སྒོར་ཁྲི་1.5ཙམ་རག་གི་ཡོད།

    ཡར་ཉག་ནི་དབང་པོ་སྐྱོན་ཅན་ཞིག་ཡིན་ཞིང་། གྲོང་ཚོ་དང་ཡུལ་སྐོར་ཀུང་སིའི་ལྟ་རྟོག་འོག་ཁོང་གིས་མཛེས་ལྗོངས་ཁུལ་དུ་ཞོག་ཁོག་དང་ནས་ཀྱི་བག་ལེབ་འཚོང་གི་ཡོད། ཟླ་བ་གཅིག་ལ་ཁོ་མོར་དངུལ་སྨར་ཡོང་འབབ་སྒོར་3000ཙམ་རག་གི་ཡོད་པས། ཁོ་མོས་སེམས་འགུལ་ཐེབས་པའི་ངང་ཡོང་འབབ་ཡག་པོ་བསགས་ནས་སྔ་ཙམ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་བྱུང་།

    འདི་ལོ་ལོ་41ལ་སླེབས་པའི་ཡར་ཤར་ནི་གནས་ཡུལ་ལྷོ་པ་མི་རིགས་ཤང་ཚལ་ཁྲོབ་གྲོང་ཚོའི་གྲོང་མི་ཡིན། ཁོང་གིས་ངར་ཕྲུ་གུ་གཉིས་ཡོད། བུ་རྒན་པ་ནང་སར་སློབ་ཆེན་འགྲིམ་བཞིན་ཡོད་པ་དང་ཆུང་བ་ནང་སའི་བོད་ལྗོངས་འཛིན་གྲྭར་མཐོ་རིམ་སློབ་འབྲིང་འགྲིམ་བཞིན་ཡོད་ཅེས་གསར་འགོད་པར་བརྗོད་བྱུང་།

    ཁོང་ཁྱིམ་གྱི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་ཤང་གིས་ཁོང་ལ་ཚོང་ཁང་ཞིག་འཛུགས་རོགས་བྱ་རྒྱུའི་ཐག་བཅད། ཚེ་རིང་ནོར་བུས“ཁྱེད་རང་གཟིགས་དང་། ས་ཆ་བདམས་ཚར། ཁྱེད་ཀྱི་ཁྱིམ་གྱི་འཁྲིས་སུ་ཡོད། མགྱོགས་པོ་ལས་འགོ་འཛུགས་གྲབས་ཡོད”ཅེས་བཤད་པ་ཐོས་མ་ཐག་་ཡར་ཤར་གྱི་སྐྱོ་བའི་བཞིན་མདངས་ནས་འཛུམ་མདངས་འཕྱུར།

    “ད་ཆ་ཉིང་ཁྲི་གྲོང་ཁྱེར་དུ་ཞིང་འབྲོག་པ་དུད་ཚང་དབུལ་པོ་6636དང་མི་22803ཡོད་པ་དེ་དག་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་7གྱི་ཤང་54དང་སྲིད་འཛིན་གྲོང་ཚོ་489དང་འབྲེལ་བ་ཡོད། ང་ཚོས་ཡུལ་སྐོར་ལས་རིགས་སོགས་ཁྱད་ལྡན་ཐོན་ལས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་2016ལོ་ནས་2018ལོ་བར་ཐོན་ལས་རོགས་སྐྱོར་རྣམ་གྲངས་117ལག་ལེན་བསྟར་ཏེ་མང་ཚོགས་ཀྱི་སྣེ་འཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུ་ཡིན”ཞེས་ཉིང་ཁྲི་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་ཏང་ཙུའི་ཧྲུའུ་ཅི་ཉི་མས་ཡིད་ཆེས་ཀྱིས་ཁེངས་ནས་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།