དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཀྲུང་ནེའི་གཞུང་ལམ་འགྲམ་ལམ་དུམ་མྱུར་བཟོ་བྱེད་བཞིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-15

    ཉེ་དུས་ཆར་པ་རྒྱུན་མཐུད་བབས་པའི་རྐྱེན་གྱིས་ཀྲུང་ནེའི་གཞུང་ལམ་རྒྱུད་ཀྱི་གཉའ་ལམ་རྫོང་འགྲམ་གྲོང་རྡལ་ས་ཁོངས་ནང་ཆུ་སྐྱོན་ཐེངས་མང་ཐོན་ནས་རིམ་རྩིས་ལྟར་ན། སྤྱི་ལེ་2གཡས་གཡོན་གྱི་ལམ་གཞི་རྦད་དེ་བརྡིབས་ཡོད་པ་རེད། འགྲམ་འགག་སྒོའི་འགྲིམ་འགྲུལ་གང་མགྱོགས་སླར་གསོ་ཐུབ་པ་བྱ་ཆེད། ཟླ་7ཚེས་13ཉིན་གྱི་སྔ་དྲོ་དྲག་ཆས་ཉེན་རྟོག་འགྲིམ་འགྲུལཉིང་ལག་རུ་ཁག་གཉིས་པས་ལྷ་སར་འགན་སྒྲུབ་དམ་བཅའི་ཚོགས་ཆེན་འཚོགས་ཏེ། དཔོན་དམག་60ལྷག་ཙམ་དང་འཕྲུལ་འཁོར་སྒྲིག་ཆས་བཅུ་གྲངས་ཀྲུང་ནེ་རྒྱལ་ཁབ་གཉིས་ཀྱི“སེམས་སྦྲེལ་ལམ”མྱུར་བཟོ་བྱེད་པར་འཕྲལ་དུ་བཏང་ཡོད་པ་རེད།

    དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པའི་ཆབ་སྲིད་ཁྲུའི་ཀྲུའུ་རེན་ཝང་ཧུང་ཆང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་ནེའི་གཞུང་ལམ་གྱི་འགྲམ་ལམ་དུམ་དེ་ཧི་མ་ལ་ཡ་རི་གཤམ་དུ་གནས་ཡོད་པ་དང་། རིས་བསྐོར་བའི་བགྲོད་ལམ་ཁོངས་སུ་གཏོགས་ཤིང་། ལས་སྒྲུབ་གཞི་ཁྱོན་ཧ་ཅང་གུ་དོག་པའི་ཁར་མིག་སྔར་ཉིན་རེར་ཆ་སྙོམས་ཆར་པ་ཆུ་ཚོད་7ཡན་བབས་པའི་རྐྱེན་གྱིས་མྱུར་བཟོའི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་དང་། སྔོན་རྩིས་རགས་ཙམ་བྱས་ན་མྱུར་བཟོ་བྱེད་པར་ཉིན་20ཡན་འགོར་བཟོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།