དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རང་རྒྱལ་གྱིས་ཡུལ་སྐོར་ལས་རིགས་ཐད་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་ས་ཁུལ་གོང་འཕེལ་ཡོང་བ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   |     སྤེལ་དུས།  2016-07-12

    མི་རིགས་ས་ཁུལ་ལ་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལྡན་ཡོད་པས། ཡུལ་སྐོར་ལས་རིགས་གོང་འཕེལ་ཤུགས་ཆེན་བཏང་བ་དེས་མི་རིགས་རིག་གནས་རྒྱུན་འཛིན་དང་། མི་རིགས་ས་ཁུལ་རྒྱུན་མཐུད་གོང་འཕེལ་ཡོང་རྒྱུར་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    སྤྱི་ལོ་2014ལོར། བོད་རང་སྐྱོང་ལྗོངས་ཀྱིས་བོད་ལྗོངས་ཀྱིས་འཛམ་གླིང་ཡུལ་སྐོར་དམིགས་འབེན་ཁུལ་འཛུགས་སྐྲུན་བྱེད་པའི་དུས་ཡུན་འབྲིང་རིང་གི་འཆར་བཀོད་ཞེས་པ་སྒྲིག་བཟོ་བྱས་ནས། ཡུལ་སྐོར་ལས་རིགས་དང་རིག་གནས་རྒྱུན་འཛིན། སྐྱེས་ཁམས་གསོ་སྤེལ། རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན། གྲོང་གསེབ་གསར་པ་འཛུགས་སྐྲུན། ཁྱད་ལྡན་ཞིང་འབྲོག་ལས། མི་རིགས་ལས་ཤེས་བཟོ་ལས་སོགས་ཀྱི་མཉམ་བསྲེས་གོང་འཕེལ་ཐད་འཆར་འགོད་དང་ཇུས་བཀོད་བྱས་ནས། བོད་ལྗོངས་ཀྱི་ཡུལ་སྐོར་བསྒྱུར་བཅོས་འཚོལ་ཞིབ་བྱེད་རྒྱུའི་ཐད་བསམ་ཕྱོགས་གསར་པ་བཏོན་ཡོད་པ་རེད།

    སྤྱི་ལོ་2015ལོར། རྒྱལ་ཁབ་ཡུལ་སྐོར་ཅུད་ཀྱིས་མཚོ་སྔོན་དང་ཟི་ཁྲོན། ཀན་སུའུ་བཅས་ཀྱི་བོད་ཁུལ་གྱི་ཉན་པོ་གཡུལ་རྩེའི་ཡུལ་སྐོར་ཁུལ་གྱི་གོང་འཕེལ་འཆར་བཀོད་ཞེས་པ་བཟོ་སྒྲིག་བྱས་ནས། དེ་ཁུལ་གྱི་གོང་འཕེལ་བསམ་ཕྱོགས་ཁུངས་སྐྱེལ་བྱེད་རོགས་བྱས་ཡོད་པ་རེད།

    སྤྱི་ལོ་2015ལོར། རྒྱལ་ཁབ་ཀྱིས་ཁྱོན་མི་རིགས་ས་ཁུལ་གྱི་ཡུལ་སྐོར་གོང་འཕེལ་གྱི་ཐེབས་རྩ་སྒོར་དུང་ཕྱུར་གསུམ་དང་ས་ཡ་ལྔ་བཀོད་སྒྲིག་བྱས་ནས། གཙོ་གནད་ཐོག་མི་རིགས་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་བརྗེ་འགྱུར་རིམ་སྤར་བྱེད་པའི་རྣམས་གྲངས་ཐད་རོགས་བསྐྱོར་བྱས་ཡོད། རྣམས་གྲངས་ཐོན་རྫས་འཛུགས་སྐྲུན་ཐད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་དངུལ་ཁང་སོགས་དངུལ་ཁང་9དང་། ནང་སོག་གི་ཨའར་ཧྲན་རྒྱལ་སྤྱིའི་ལུས་གསོའི་སྤྲོ་གསེང་ཁུལ་གྱི་རྣམས་གྲངས། བོད་ལྗོངས་ལྷ་ས་གྲོང་ཁྱེར་གནམ་མཚོ་རྒྱལ་ཁྱབ་སྤྱི་གླིང་གི་ཡུལ་བསྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམས་གྲངས་སོགས་མི་རིགས་ས་ཁུལ་གྱི་ཡུལ་བསྐོར་རྣམས་གྲངས་70ལྷག་ཙམ་སྤྱི་ལོ་2015ལོའི་རྒྱལ་ཡོངས་ཀྱི་ལེགས་འདེམས་ཡུལ་སྐོར་རྣམས་གྲངས་མིང་མཐོའི་ནང་བཅུག་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་གཙོ་གནད་ཐོག་རང་རྒྱལ་དང་བྱང་ཁུ་རེ་ཡ་དང་། ཨུ་རུ་སའི་འབྲེལ་མཚམས་ཀྱི་ཐུ་མན་ཅང་ས་ཁུལ། རང་རྒྱལ་དང་ལོ་སི། འབར་མ། ལྦེ་ཐེ་ནེམ་འབྲེལ་མཚམས་ཀྱི་མེ་ཀུང་ཆུ་བོའི་ས་ཁུལ། དེ་བཞིན་དར་སྐུད་ལམ་བུས་འབྲེལ་ཐག་བྱས་པའི་རང་རྒྱལ་གྱི་ཤིན་ཅང་དང་མཐའ་འཁོར་རྒྱལ་ཁབ་ཀྱི་འབྲེལ་མཐུད་ཁུལ་གྱི་མཐའ་མཚམས་ཡུལ་སྐོར་ལས་སྒོ་འཕེལ་རྒྱས་བཏང་ཡོད་པ་རེད།

    མཐའ་མཚམས་ཡུལ་སྐོར་རྣམས་གྲངས་ཞིབ་མཆན་བྱེད་རྒྱུ་མེད་པ་བཟོས་ནས། ཡུལ་སྐོར་ཁང་གིས་མཐའ་མཚམས་ཡུལ་སྐོར་ལས་གཉེར་བྱེད་པའི་ཐོབ་ཐང་ལ་ཞིབ་མཆན་བྱེད་རྒྱུ་དེ་འབྲེལ་ཡོད་ཞིང་ཆེན་རིམ་པའི་ཡུལ་སྐོར་དོ་དམ་ཚན་པ་གཙོ་བོར་སྤྲད་དེ་མཐའ་མཚམས་ཡུལ་སྐོར་བྱེད་སྒོར་དེ་བས་སྟབས་བདེ་ཡོང་བ་བྱེད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།