དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་སྔོན་ཞིང་ཆེན་རྨ་ཆེན་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་དྲ་བའི་འཕྲིན།   |     སྤེལ་དུས།  2016-07-05

    F2016070508280762467302298.jpg

    རྨ་ཆེན་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་པར་རྟེན་འབྲེལ་ཞུ་བ།

    མི་དམངས་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དུ་འགྲུལ་སྐྱེལ་གནམ་གྲུ་A319བབས་པ་ལས། ཞིང་ཆེན་དེའི་དམངས་སྤྱོད་གནམ་ཐང་6པ་ཡིན་པའི་རྨ་ཆེན་གནམ་ཐང་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད།

    རྨ་ཆེན་གནམ་ཐང་ནས་མགོ་ལོག་ཀྲོའུ་ཡི་ལྟེ་བའི་གྲོང་རྡལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་བར་སྤྱི་ལེ་5.5ཡོད་པ་དང་ས་བབ་མཐོ་ཚད་སྨི་3787ཟིན་གྱི་ཡོད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་12བཏང་བ་དེ་Cརིམ་པའི་ས་མཐོའི་ཆེད་སྤྱོད་གནམ་ཐང་གི་ཁོངས་སུ་གཏོགས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། གཉེར་སྐྱོང་བྱེད་འགོ་ཚུགས་སྐབས། རྨ་ཆེན་གནམ་ཐང་ནས་མགོ་ལོག་ནས་ཟི་ལིང་དང་། ཁྲེང་ཏུའུ། ལྷ་ས་བཅས་བར་གྱི་དུས་གཏན་གནམ་གྲུ་གཏོང་རྒྱུ་རེད། སྔོན་དཔག་ལྟར་ན། 2020ལོར་སླེབས་སྐབས་རྨ་ཆེན་གནམ་ཐང་གི་ལོའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་8དང་། དངོས་ཟོག་དང་སྦྲག་བསྐུར་སྐྱེལ་འདྲེན་བྱེད་ཚད་ཏུན་200 གནམ་གྲུ་འབབ་འཕུར་བྱེད་ཐེངས་940བཅས་ཟིན་རྒྱུ་རེད། འབྲོག་པའི་འགྲོ་འོང་ལ་སྟབས་བདེ་ཡོང་ཆེད། མགོ་ལོག་ནས་ཟི་ལིང་བར་གྱི་འགྲོ་ཐེངས་རྐྱང་པའི་དུས་གཏན་གནམ་གྲུའི་སྤ་སེའི་རིན་གོང་ཡུན་རིང་སྒོར་200ཙམ་བྱ་རྒྱུ་རེད།

    མགོ་ལོག་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་གི་ལྟེ་བའི་ཁུལ་དུ་གནས་ཤིང་། ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་བར་སྤྱི་ལེ་440ཡོད་པ་དང་། རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་7.6དང་མི་འབོར་ཁྲི་20ཙམ་བཅས་ཡོད་པའི་ནང་བོད་རིགས་ཀྱིས་90%ལྷག་ཙམ་བཟུང་ཡོད། དུས་ཡུན་རིང་པོའི་ནང་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་འགྲིམ་འགྲུལ་མ་ལག་གཞུང་ལམ་ཁོ་ན་ལས་མེད་པའི་ཁར། གཞུང་ལམ་ཤར་གཏོང་ཐུབ་ཉུང་བའི་མགོ་ལོག་ཀྲོའུ་ཡི་སྤྱི་ཚོགས་འཕེལ་རྒྱས་འགྲོ་འགོར་བ་དང་། རང་རྒྱལ་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་རྨང་གཞི་ཆེས་ཉམས་ཞན་གྱི་ས་ཁུལ་གྲས་ཤིག་རེད།

    མགོ་ལོག་ཀྲོའུ་ཡི་ཀྲོའུ་ཨུད་ཧྲུའུ་ཅི་ཝུའུ་ཡུས་ཀྲང་གིས། “རྨ་ཆེན་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་རྗེས། མགོ་ལོག་ཀྲོའུ་དང་ཞིང་ཆེན་དེའི་ལྟེ་གནས་ཟི་ལིང་གྲོང་ཁྱེར་དབར་འགྲོ་འོང་དུས་ཚོད་སྐར་མ་45ཐུང་དུ་ཕྱིན་ནས་མི་སྣ་འགྲོ་འོང་དང་དངོས་ཟོག་འཁོར་རྒྱུག་མྱུར་ཚད་ཆེས་ཆེར་འཕར་རྒྱུ་དང་། མགོ་ལོག་ཀྲོའུ་ཡི་ཡུལ་སྐོར་ཐོན་ཁུངས་སྔར་བས་གསར་སྤེལ་ཐུབ་སྟེ། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་རྒྱུ་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།