ཉེ་ཆར་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་རི་སྐྱེས་རྩི་ཤིང་ཐོན་ཁུངས་གཙོ་བོར་ཞིབ་བཤེར་ཐེངས་གཉིས་པ་བྱེད་པའི་འགོ་འཛུགས་ཀྱི་ཚོགས་འདུ་དང་ལག་རྩལ་གསོ་སྦྱོང་ཚོགས་འདུ་ལྷ་སར་འཚོགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བརྟག་དཔྱད་དེ་རང་སྐྱོང་ལྗོངས་ནགས་ལས་བརྟག་ཞིབ་འཆར་འགོད་ཞིབ་འཇུག་ཁང་གིས་འགོ་ཁྲིད་ནས་བྱ་རྒྱུ་དང་། རྒྱལ་ཁབ་ནགས་ལས་ཅུས་ཀྲུང་ནན་ནགས་ལས་བརྟག་དཔྱད་འཆར་འགོད་ཁང་དང་། རྒྱལ་ཁབ་ནགས་ལས་ཅུས་ཁུན་མིང་རྩད་ཞིབ་འཆར་འགོད་ཁང་། བོད་ལྗོངས་སློབ་ཆེན་སོགས་ཀྱི་རིགས་གཅིག་མཁས་པ་དང་ལག་རྩལ་པ་180ཡིས་ཞིབ་ཕྲའི་འགན་ཁུར་ནས་རང་ལྗོངས་ཀྱི་རི་སྐྱེས་རྩི་ཤིང་ཐོན་ཁུངས་གཙོ་བོའི་གྲངས་འབོར་དང་། ཁྱབ་ཚུལ། གནས་སྟངས་བཅས་ཤེས་རྟོགས་བྱས་ཏེ། སྲུང་སྐྱོང་དོ་དམ་བྱེད་ཚུལ་དང་། གནོད་འཚེ་ཕོག་ཚད་དང་འགྱུར་བ་དང་འཕེལ་རིམ། ལྗོངས་ཡོངས་ཀྱི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་གྱི་རི་སྐྱེས་རྩི་ཤིང་ཐོན་ཁུངས་ཀྱི་གྲངས་གཞིའི་མཛོད་འཛུགས་པ་དང་བརྗེ་སྒྱུར་སོགས་ལ་བརྟག་དཔྱད་གཙོ་བོར་བྱས་ནས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནགས་ལས་འཕེལ་རྒྱས་ཀྱི་འཆར་འགོད་དང་སྣོད་བཅུད་འཛུགས་སྐྱོང་ཀྱི་སྤྱིའི་ཐབས་ཇུས་བཟོ་རྒྱུར་གཞི་འཛིན་ས་འདོན་རྒྱུ་ཡིན་ཞིང་། ད་རེས་ཀྱི་བརྟག་དཔྱད་དེ་2018ལོའི་ལོ་མཇུག་ཏུ་ཚར་རྒྱུ་ཡིན་པའི་ནང་ལྗོངས་ཡོངས་སུ་རི་སྐྱེས་རྩི་ཤིང་སྣེ་ཁ་36བརྟག་དཔྱད་བྱ་ཡུལ་ལ་གཏན་འཁེལ་བྱས་ཡོད་པ་རེད།