དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཟླ་བ་བདུན་པར་ཀན་ལྷོ་ནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་དྲ་བའི་འཕྲིན།   |     སྤེལ་དུས།  2016-07-04

    མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་29ཉིན། སྐབས་བཅུ་བདུན་པའི་ཀྲུང་གོ་མདོག་དགུའི་ཀན་ལྷོ་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་གསར་འགྱུར་སྒྲོག་གཏོང་ཚོགས་འདུ་ལན་ཀྲོའུ་ནས་བསྡུས་ཤིང་། ཚོགས་ཐོག་ནས། ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་ཐེངས་འདིའི་སྤྱིའི་བཀོད་སྒྲིག་དང་ཁྱད་ཆོས་གཙོ་བོ་རྣམས་ངོ་སྤྲོད་བྱས་པས། གསར་འགོད་པས་ཚོགས་ཐོག་ནས་རྒྱུས་ལོན་པ་ལྟར་ན། ཟླ་7ཚེས་17ཉིན་གྱི་སྔ་དྲོར། ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་མགོ་རྩོམ་པའི་མཛད་སྒོ་སྤེལ་རྒྱུ་དང་། དེར་རྟ་བཞོན་རུ་ཁག་གི་འཁྲབ་སྟོན་དང་གླུ་བྲོ་འཁྲབ་སྟོན། བདེ་སྐྱིད་ལྡན་པའི་ཀན་ལྷོ་ཞེས་པའི་མི་མགོ་སྟོང་གི་སྐོར་བྲོ་བཅས་བཀོད་སྒྲིག་བྱས་ཡོད་ལ། ཉིན་དེའི་ཕྱི་དྲོར་གཙོས་གྲོང་ཁྱེར་གྱི་སྐབས་བཅུ་བདུན་པའི་མི་རིགས་ལུས་རྩལ་འགྲན་ཚོགས་དང་། གཙོས་ཀྱི་དྲན་ཐོ་ཞེས་པའི་པར་རྙིང་འགྲེམས་སྟོན། ཁྱད་ལྡན་ཚོང་ཁྲོམ་དང་ཚོང་འགུག་དངུལ་འདྲེན་ལས་གཞི་མཚམས་སྦྱོར། དགོང་མོར་དུང་ཕྲུག་ཁོག་ནས་མེ་ཕུང་དགོང་ཚོགས་འཚོག་རྒྱུ་བྱས་ཡོད། ད་དུང་གཙོས་ནས་སྤེལ་རྒྱུའི་བྱ་འགུལ་ལ། ཟླ་7ཚེས་17ཉིན་ནས་ཚེས་19ཉིན་བར་གྱི་མཚོ་བོད་མཐོ་སྒང་གི་ནས་ཀྱི་ཟས་རིགས་འགྲེམས་སྟོན་ཚོགས་འདུ་སྐབས་དང་པོ་དང་ཀན་ལྷོའི་ཞིམ་ཟས་རིག་གནས་དུས་ཆེན་སྐབས་གཉིས་པ་སྤེལ་རྒྱུ་མ་ཟད། ཟླ་7ཚེས་15ཉིན་ནས་ཚེས་18ཉིན་བར་ལ་2016ལོའི་འཛམ་གླིང་ཡུལ་སྐོར་སྣང་བརྙན་ཕོ་ཉ་ལས་ཀྲུང་གོའི་གྲངས་ཉུང་མི་རིགས་འགྲན་ཁུལ་གྱི་ཀན་ལྷོའི་འགྲན་སྡུར་དང་། རྒྱུད་གཅིག་ལམ་གཅིག་གི་མི་རིགས་གྱོན་ཆས་འགྲེམས་སྟོན། ཤམ་བྷ་ལ་རྒྱལ་སྤྱིའི་བརྙན་པར་འགྲན་ཚོགས། ཟླ་7ཚེས་24ཉིན་གྱི“སྤང་རི་ནགས་རི་གོམ་པས་བཅལ་ནས། ། མཛེས་པའི་གཙོད་གྲོང་དྲན་པས་འཛིན།།”ཞེས་པའི་ཕྱི་རོལ་རྐང་ཐང་ཡུལ་སྐོར་མཛད་སྒོ་སྤེལ་རྒྱུ་རེད།

    ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་ཀྱི་བྱ་འགུལ་སོ་སོ་བདེ་བླག་ངང་སྤེལ་བར་ཁེག་ཐེག་བྱ་ཆེད། གཙོས་གྲོང་ཁྱེར་གྱིས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་ལག་བསྟར་ཨུ་ཡོན་ལྷན་ཚོགས་བཙུགས་ཡོད་པ་དང་། ཞིབ་ཅིང་ཕྲ་བའི་བྱེད་ཕྱོགས་གཏན་ལ་ཕབ་ནས། བྱ་འགུལ་གྱི་དུས་འགོ་གྲ་སྒྲིག་བྱ་བ་གོ་རིམ་ལྡན་པའི་ངང་ནས་སྤེལ་བཞིན་ཡོད།

    ཉིན་དེའི་གསར་འགྱུར་སྒྲོག་གཏོང་ཚོགས་འདུའི་སྟེང་། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་གཙོས་གྲོང་ཁྱེར་སྲིད་གཞུང་། གཙོས་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ། གཙོས་གྲོང་ཁྱེར་ཡུལ་སྐོར་ཅུས་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་ཞུགས་ཡོད་པ་པ་མ་ཟད། ད་དུང་མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་། འོད་ཟེར་ཉིན་རེའི་ཚགས་པར། ཀྲུང་གོའི་ཡུལ་སྐོར་ཚགས་པར། ཤང་ཀང་རིག་འཛོམས་ཚགས་པར། ཀན་སུའུ་བརྙན་འཕྲིན་ཁང་། ཀན་སུའུ་ཉིན་རེའི་ཚགས་པར། ལན་ཀྲོའུ་དགོང་དྲོའི་ཚགས་པར། ཀྲུང་གོ་ཀན་སུའུ་དྲ་བ་སོགས་གསར་འགྱུར་སྨྱན་བྱད་སྡེ་ཁག་36ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།