
མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་27ཉིན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཁོངས་ཀྱི་ཁྲོན་བོད་གཞུང་ལམ་K3475ནས་ K3476བར་གྱི་རྒྱུད་ཀྱི་ས་མང་པོ་ཞིག་ཏུ་རི་ཉིལ་བའི་རང་བྱུང་གནོད་འཚེ་བྱུང་བས། འགྲིམ་འགྲུལ་ཆད་པ་དང་། རླངས་འཁོར་དང་མི་རྣམས་གནས་དེར་ཁེགས་ལུས་བྱུང་བ་རེད། མིག་སྔར་རི་ཉིལ་ལམ་ཆད་པའི་ལམ་མཚམས་སུ་བཀག་སྡོམ་བྱས་པ་དང་། མི་སྣ་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད་པ་རེད།
ཁྲོན་བོད་གཞུང་ལམ་དུ་འཁོར་རིགས་ཤར་སྐྱོད་ཐུབ་པའི་འགན་ལེན་བྱེད་པའི་ལས་འགན་འཁུར་བའི་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཡན་ལག་རུ་ཁག་གཉིས་པའི་དཔོན་དམག་ཚོས་རི་ཉིལ་བྱུང་ཡུལ་དུ་འགྲུལ་ལམ་མྱུར་བཟོའི་ལས་ལ་བྲེལ་བཞིན་ཡོད་པ་རེད།