དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡར་ག་ནས་རེབ་གོང་བར་གྱི་མྱུར་བགྲོད་གཞུང་ལམ་ཟླ་6ཚེས་30ཉིན་གྱི་ཆུ་ཚོད་24སྟེང་དུ་རླངས་འཁོར་ཤར་གཏོང་བྱེད་འགོ་རྩོམ་རྒྱུ་ཡིན་ཞིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་དྲ་བའི་འཕྲིན།   |     སྤེལ་དུས།  2016-07-04

    མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་29ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་3དང་ཟླ་བ་6རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཡར་ག་ནས་རེབ་གོང་བར་གྱི་མྱུར་བགྲོད་གཞུང་ལམ་(བ་རྒྱ་ཐང་གི་རྨ་ཆུའི་ལྡིང་ཟམ་ཕུད་)གཞི་རྩའི་ཐོག་ནས་ལེགས་འགྲུབ་བྱས་ཡོད་ཅིང་། ཟླ་6ཚེས་30ཉིན་གྱི་ཆུ་ཚོད་24སྟེང་དུ་རླངས་འཁོར་ཤར་གཏོང་བྱས་ཏེ་སྐྱེལ་འདྲེན་ལས་གཉེར་སྐྱོང་བྱ་རྒྱུ་ཡིན་པས། དུས་དེ་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་རྒྱུ་རེད།

    མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཞོན་པ་ཐའོ་ཡུང་ལི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཡར་ག་ནས་རེབ་གོང་བར་གྱི་མྱུར་བགྲོད་གཞུང་ལམ་ལེགས་འགྲུབ་བྱས་པ་དེས་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་ཁུལ་བར་མི་རྣམས་འགྲོ་འོང་དང་དངོས་ཟོག་དབོར་འདྲེན་མྱུར་ཚད་མགྱོགས་སུ་ཆེན་པོ་གཏོང་ཐུབ་པ་དང་། གཞུང་ལམ་ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཐུབ་ལ། རྨ་ལྷོ་ཁུལ་ལྷོ་བྱང་ཕྱོགས་གཉིས་ཀྱི་ཡུལ་སྐོར་བགྲོད་ལམ་ཆེན་པོ་དང་ནུབ་བྱང་ཡུལ་སྐོར་ཚོང་རར་མཐུད་སྦྲེལ་གྱི་འཐབ་ཇུས་བགྲོད་ལམ་བསྐྲུན་ནས་རྨ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ལས་རིགས་དང་“རེབ་གོང་རིག་གནས་”ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཡང་གཏོང་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།