དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་བོད་ལྕགས་ལམ་བཟོས་སོང་། ཡུལ་སྐོར་ལས་རིགས་དར་སོང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-06-24

    294786_yis_1466659369992_s.jpg

    འདི་ནི་མཚོ་བོད་ལྕགས་ལམ་ནག་ཆུའི་ལམ་དུམ་དུ་མེ་འཁོར་སྐྱོད་པའི་གནས་ཚུལ་ཡིན་པ། (ཟླ་6ཚེས་6ཉིན་པར་བླངས་པ)

    294787_yis_1466659371021_s.jpg

     འདི་ནི་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ལས་དོན་པས་2016ལོའི་ཧྲེན་དབྱང་ནས་ལྷ་ས་བར་གྱི་མེ་འཁོར་ཐོག་མ་དེ་བསུ་བའི་གནས་ཚུལ་ཡིན་པ། (ཟླ་2ཚེས་3ཉིན་པར་བླངས་པ)

    ཐོག་ཐོན་གཙང་པོ་གྲོང་རྡལ་གྱི་ཕུར་བུ་བཀྲ་ཤིས་འདི་ལོ་ལོ་40ཡིན་ཞིང་། ལོ་10ཡི་གོང་མཚོ་བོད་ལྕགས་ལམ་ཁོང་གི་ཕ་ཡུལ་བརྒྱུད་ནས་སྐྲུན་སྐབས་ཁོང་གིས་འབྲོག་ལས་བྱེད་ཞོར་དུ་ཚོང་ཁང་ཆུང་ཆུང་ཞིག་བཙུགས།

    དེ་སྔ་ནང་སའི་མི་དང་འབྲེལ་འདྲིས་བྱེད་མྱོང་མེད་པའི་ཕུར་བུ་བཀྲ་ཤིས་ཀྱིས་ད་ཆ་རྒྱ་སྐད་ཆུ་རྒྱུག་རྒྱུག་རྒྱག་ཐུབ་ཀྱི་ཡོད། ཁོང་གིས་མེ་འཁོར་བབས་ཚུགས་འགྲམ་གྱི་ཁང་པ་ཐོག་གཅིག་མ་དེར་མཛུབ་མོ་བཙུགས་ནས་དེར་དེ་སྔ་ཕྱུགས་འཚོ་སའི་རྩྭ་ར་རེད་ཅེས་གསར་འགོད་པར་བཤད།

    ཐོག་ཐོན་གཙང་པོ་གྲོང་རྡལ་འབྲི་ཆུའི་ཆུ་འགོར་ཆགས་པ་དང་དེའི་ས་ཁོངས་ནང་ཁྲུང་ཁྲུང་མགོ་ཁྲ་དང་གཙོད་སོགས་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་པོ་ཡོད། ལོ་10ཡི་རིང་ཡུལ་སྐོར་བ་དང་པར་རྒྱག་རྒྱུར་དགའ་པོ་བྱེད་མཁན་རྣམས་དེར་ཡོང་བ་དང་སྦྲགས་ཡུལ་དེར་ཚོང་ཁང་དང་། ཟ་ཁང་། མགྲོན་ཁང་བཅས་གཅིག་རྗེས་གཉིས་མཐུད་ངང་བཙུགས་ཡོད། ཕུར་བུ་བཀྲ་ཤིས་ཀྱིས་ཟླ་གོང་མར་མེ་འཁོར་བབས་ཚུགས་ཉེ་འགྲམ་དུ་སླར་ཡང་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ནས་འགྲོ་འོང་བྱེད་མཁན་མི་རྣམས་ལ་སྟབས་བདེའི་བཟའ་བཅའ་འཚོང་གི་ཡོད། ད་ཆ་ཁོང་ཁྱིམ་ལ་ལོ་རེའི་ཡོང་འབབ་སྒོར་ཁྲི་4ཟིན་པ་དེ་དེ་སྔ་མི་འབོར་ཉུང་བའི་ཐོག་ཐོན་གཙང་པོ་གྲོང་རྡལ་དུ་མངོན་འགྱུར་བྱེད་དཀའ་བ་ཞིག་རེད།

    མཚོ་བོད་ལྕགས་ལམ་ལས་དེ་སྔའི་སྲོལ་རྒྱུན་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་བོད་རིགས་ས་ཁུལ་གྱི་མི་སེར་ཚོའི་ལྟ་བར་འགྱུར་ལྡོག་སོང་ནས་ཕྱུགས་འཚོ་བ་དང་ཆབས་ཅིག“སྦྱིན་བདག”ཀྱང་བྱེད་བཞིན་ཡོད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2015ལོར་མཚོ་བོད་ས་མཐོ་ནས་བོད་ཁོ་ནར་ཡུལ་སྐོར་ཞབས་ཞུའི་ལས་སྒོ་གཉེར་མཁན་ཞིང་འབྲོག་མང་ཚོགས་ཁྲི་10ཙམ་ཟིན་པ་དང་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཟིན་ཡོད། བོད་ལྗོངས་གནམ་མཚོ་རྒྱལ་ཁབ་སྤྱི་གླིང་གི་མཛེས་ལྗོངས་ཁུལ་དུ་གནམ་མཚོ་གྲོང་ཚོའི་དུད་ཚང་329ཚང་མས་ཡུལ་སྐོར་ལས་རིགས་གཉེར་ཞིང་། གནམ་མཚོ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་པོ་བཀྲ་ཤིས་གཞོན་པས་ངེད་གྲོང་ཚོའི་ཡོང་འབབ་མཐོ་ཤོས་ཀྱི་དུད་ཚང་ལ་ལོ་རེའི་ཡོང་འབབ་སྒོར་ཁྲི་50ཟིན་གྱི་ཡོད་ཅེས་བཤད།

    མཚོ་བོད་ལྕགས་ལམ་རྒྱུད་དུ་མཚོ་སྔོན་པོ་དང་། ཁུ་ཁུ་ཤིས་རི། གཙང་གསུམ་ཆུ་འགོ གནམ་མཚོ། གཙུག་ལག་ཁང་། ཕོ་བྲང་པོ་ཏ་ལ་སོགས་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡོད། འཛམ་གླིང་རིམ་པའི་མཛེས་ལྗོངས་ཁུལ་དེ་དག་མཚོ་བོད་ས་མཐོར་མུ་ཏིག་ས་ལ་འཕོས་པ་ལྟར་གནས་ཤིང་། དེ་དག་ད་ཆ་མཚོ་བོད་ལྕགས་ལམ་གྱིས་འབྲེལ་མཐུད་བྱས་ཡོད།

    མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ཐོག་མ་དེ་ཡིན་པའི་ངོས་ནས་2014ལོར་ཤར་གཏོང་ཐུབ་པའི་ལྷ་གཞིས་ལྕགས་ལམ་གྱིས་ཇོ་མོ་གླང་མའི་ཕྱོགས་སུ་སྤྱི་ལེ་251སྣུར་སྲིང་བྱས་པར་ཡུལ་སྐོར་བ་དེ་བས་མང་བ་གཞིས་རྩེར་ཡུལ་སྐོར་སྤྲོ་གསེང་དུ་ཡོང་རྒྱུའི་ཡིད་དབང་བཀུག་པ་དང་ཧི་མ་ལ་ཡ་འཕྲེད་བརྒལ་གྱི་མཛེས་ལྗོངས་ཁུལ་ཆེ་མོ་གཏོད་པའི་བསམ་བཀོད་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

    “ཚང་མས་དེ་སྔ་བོད་དུ་སྐྱོད་པའི་འགྲོ་ལམ་འགྲིམ་འགྲུལ་ཡག་པོ་མེད་པའི་ཁར་ས་མཐོའི་གསོ་རླུང་མི་འདང་བ་ཁྱད་དུ་བསད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ད་ཆ་མཚོ་བོད་ལྕགས་ལམ་གྱི་མེ་འཁོར་གྱི་འཁོར་སྒྲོམ་ཚང་མའི་ནང་གསོ་རླུང་སྒྲིག་ཆས་བསྒར་ནས་ཡུལ་སྐོར་བར་སྟབས་བདེ་བསྐྲུན་ཡོད”ད་ཆ་མེ་འཁོར་བསྡད་ནས་ལྷ་སར་བསྐྱོད་པ་དེ་དར་སྲོལ་ཞིག་ཏུ་གྱུར་ཡོད་ཅེས་ཀྲེ་ཅང་ནས་ཡོང་བའི་ཡུལ་སྐོར་བ་ཞིག་གིས་བཤད།

    མཚོ་བོད་ལྕགས་ལམ་ཀུང་སིས་མཁོ་འདོན་བྱས་པའི་གྲངས་གཞིར་གཞིགས་ན། 2016ལོའི་ཟླ་5ཚེས་31ཉིན་མཚོ་བོད་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་1.15སྐྱེལ་འདྲེན་བྱས་པ་དེའི་ནང་བོད་ནས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་1800.6ཟིན་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཞུས་ཧའོ་ཡིས་ལོ་10ཡི་རིང་མཚོ་བོད་ལྕགས་ལམ་གྱིས་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་ཡུལ་སྐོར་ལས་རིགས་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ་དང་ལམ་ཐིག་རྒྱུད་ཀྱི་ས་ཆ་ཁག་གི་ཡོང་འབབ་འཕར་བ་དང་དུས་མཚུངས་འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དུ་སོང་ནས་མཚོ་བོད་ལྕགས་ལམ་གཙོ་བོར་བྱས་པའི“མཚོ་བོད་ལྕགས་ལམ་ཡུལ་སྐོར་རྒྱུད”རིམ་བཞིན་གཞི་ཁྱོན་ལྡན་པར་གྱུར་ཡོད་ཅེས་བཤད།

    “མཚོ་བོད་ལྕགས་ལམ་ནི་དམངས་ཕྱུག་ལམ་ཞིག་ཡིན་པས་མང་ཚོགས་ཀྱིས་དེར་བརྩེ་དུང་ཟབ་མོ་བཅངས་ཡོད”དེ་བས་གལ་ཆེ་བ་ཞིག་ནི་མཚོ་བོད་ལྕགས་ལམ་གྱིས་བོད་རིགས་ས་ཁུལ་དང་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དང་འབྲེལ་མཐུད་བྱས་ནས་ཡུལ་དེའི་མི་རྣམས་དང་ལྷག་པར་དུ་ཕྲུ་གུ་ཚོར་གདམ་ག་དང་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་ཡོད་ཅེས་བོད་ལྗོངས་ནག་ཆུ་བྲག་སྨུག་གྲོང་རྡལ་ཆ་ཚང་སློབ་ཆུང་གི་དགེ་རྒན་སྐལ་བཟང་བཀྲ་ཤིས་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།