དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་འདི་ལོ་ས་མཚམས་སྒྲོལ་ནས་གནས་མཇལ་དུ་ཡོང་མཁན་རྒྱ་གར་གྱི་སྐུ་མགྲོན་ཁག་དང་པོ་བསུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-06-23

    294458_yis_1466572547866_s.jpg

    ཟླ་6ཚེས་20ཉིན། བོད་ཀྱིས་འདི་ལོ་ས་མཚམས་སྒྲོལ་ནས་གནས་མཇལ་དུ་ཡོང་མཁན་རྒྱ་གར་གྱི་སྐུ་མགྲོན་ཁག་དང་པོ་དེ་བསུས་པ་དང་། ས་མཚམས་སྒྲོལ་ནས་གནས་མཇལ་དུ་ཡོང་མཁན་97ཡོད་པ་དེ་དག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གི་མཐོ་ཚད་སྨི་4500ཡོད་པའི་རྣ་ཐོས་ལ་དང་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་མཐོ་ཚད་སྨི་5200ཡོད་པའི་བྱང་ལ་ནས་ཡོང་བ་ཤ་སྟག་རེད། མཐའ་མཚམས་སྒྲོལ་ལམ་དེ་གཉིས་ཀྱི་མཐའ་སྲུང་ཞིབ་བཤེར་ལས་འགན་ཁུར་བཞིན་པའི་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གྲོ་མོ་མཐའ་མཚམས་ཞིབ་བཤེར་ས་ཚིགས་དང་སྤུ་ཧྲེང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་སེམས་རྩ་འཁོལ་པོས་གནས་མཇལ་བར་མཐའ་མཚམས་ནས་འགྲོ་འོང་བྱེད་པའི་ཞིབ་བཤེར་འགྲོ་ལུགས་གཉེར་རོགས་བྱས་པ་དང་། རང་འགུལ་ངང་ས་མཐོ་མི་འཕྲོད་པ་སོགས་ཀྱི་གནས་མཇལ་བར་སྨན་བཅོས་ཞབས་ཞུ་བྱས་ཏེ་གནས་མཇལ་བ་ཚོ་བདེ་འཇགས་དང་། སེམས་སྐྱིད། བདེ་བླག་བཅས་ངང་ས་མཚམས་སྒྲོལ་ནས་གནས་མཇལ་ཞུ་ཐུབ་པར་བྱས་པ་རེད།

    294459_yis_1466572548927_s.jpg

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།