དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་ཕད་གྲོང་རྡལ་ནས་མེ་ཏོག་རྫོང་དབར་གྱི་རྐང་ཐང་ཡུལ་སྐོར་ལམ་ཐིག་གནས་སྐབས་བཀག་སྡོམ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-06-22

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་20ཉིན་ཆེད་དོན་གློག་འཕྲིན་འབྱོར་གསལ། ཉིན་ཤས་བསྟུད་མར་དྲག་ཆར་བབས་རྐྱེན། བོད་ཀྱི་ཕད་གྲོང་རྡལ་ནས་མེ་ཏོག་རྫོང་དབར་གྱི་རྐང་ཐང་ཡུལ་སྐོར་ལམ་ཐིག་དེ་གནས་སྐབས་བཀག་སྡོམ་བྱས་པ་སྟེ། ཚེས་20ཉིན་ནས་བཟུང་ཡུལ་སྐོར་བས་ལམ་ཐིག་དེ་བརྒྱུད་ནས་མེ་ཏོག་རྫོང་དུ་འགྲོ་འོང་བྱེད་མི་ཆོག་པ་དང་། བཀག་རྒྱ་གློད་པའི་དུས་ཚོད་ད་དུང་གཏན་འཁེལ་བྱས་མེད་པ་རེད།

    ཉེ་ཆར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནང་ཁུལ་དུ་ཆར་ཆུ་བསྟུད་མར་བབས་རྐྱེན་ས་གཤིས་ཀྱི་གནོད་འཚེ་མང་པོ་ཐོན་པ་དང་། དེ་དག་ལས་ཕད་གྲོང་རྡལ་ནས་མེ་ཏོག་རྫོང་དབར་གྱི་རྐང་ཐང་ཡུལ་སྐོར་ལམ་ཐིག་རྒྱུད་དུ་རྟག་ཏུ་རི་ཉིལ་བ་དང་། འདམ་རྡོའི་ཆུ་རུད་ཐོན་པ། གངས་ཉིལ་བ་སོགས་ཀྱི་གནོད་འཚེ་ཐོན་ཡོད་པ་རེད། ཉིན་ཤས་གོང་། མེ་ཏོག་རྫོང་སྤ་སྟེང་རྩེ་གྲོང་ཚོར་རི་ཉིལ་བའི་གནོད་འཚེ་ཐོན་ནས་ཉེ་འགྲམ་གྱི་བྲག་ཕུག་ཅིག་གི་འོག་ཏུ་ཆར་གཡོལ་བྱེད་བཞིན་པའི་བདེ་ཞིང་ཤང་གི་གྲོང་མི་8འོག་ཏུ་ཚུད་པ་རེད།

    མེ་ཏོག་རྫོང་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བས། ཉེ་ཆར་ཕད་གྲོང་རྡལ་ནས་མེ་ཏོག་རྫོང་དབར་གྱི་རྐང་ཐང་ཡུལ་སྐོར་ལམ་རྒྱུད་དུ་ཉེན་ཁ་ཆེན་པོ་ཡོད་པས། རྒྱ་ཆེའི་རྐང་ཐང་ཡུལ་སྐོར་བ་ཚོའི་མི་ལུས་བདེ་འཇགས་འགན་ལེན་བྱ་ཆེད། ཉེ་ཆར་ཕད་གྲོང་ཚོ་ནས་མེ་ཏོག་རྫོང་དབར་གྱི་རྐང་ཐང་ཡུལ་སྐོར་ལམ་ཐིག་བརྒྱུད་དེ་མེ་ཏོག་རྫོང་དུ་འགྲོ་འོང་བྱེད་རྒྱུ་བཀག་སྡོམ་བྱས་ཟིན། གལ་སྲིད་ཡུལ་སྐོར་བས་རང་དགར་ལམ་ཐིག་དེ་བརྒྱུད་ནས་གནས་ཚུལ་ལྷགས་ཚེ་འགན་སོ་སོས་འཁུར་དགོས་ཞེས་ངོ་སྤྲོད་བྱས་པ་རེད།

    མེ་ཏོག་རྫོང་ནི་བོད་ཀྱི་ཤར་ལྷོའི་རྒྱུད་ཀྱི་ཉིང་ཁྲིའི་ཁོངས་གཏོགས་སུ་ཡོད་ལ། རྫོང་དེ་ནི་རང་རྒྱལ་གྱི་རྫོང་ཀུན་གྱི་རྗེས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་དེ་ཡིན། ཕད་གྲོང་རྡལ་ནས་མེ་ཏོག་རྫོང་དབར་གྱི་རྐང་ཐང་ཡུལ་སྐོར་ལམ་ཐིག་ནི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཕད་གྲོང་རྡལ་ནས་འབྲས་སྤུངས་ཤང་དབར་ཏེ་རྐང་ཐང་མར་མེ་ཏོག་རྫོང་དུ་སྐྱོད་པའི་ཡུལ་སྐོར་ལམ་ཐིག་ཅིག་ཡིན་ལ། དེ་སྔ《ཀྲུང་གོ་རྒྱལ་ཁབ་ས་གཤིས》ཀྱིས་རྐང་ཐང་ཡུལ་སྐོར་ལམ་ཐིག་ཆེན་པོའི་བཅུའི་གྲས་སུ་འཇུག་མྱོང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།