དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་གསུམ་པའི་གཙོ་དོན་གླེང་སྟེགས་ཚོགས་ཆུང་གི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-22

    ཚེས་17ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཕང་ལིང་མིན་གྱིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་གསུམ་པའི་གཙོ་དོན་གླེང་སྟེགས་ལག་བསྟར་གྱི་གྲོས་འགོའི་ཇུས་གཞི་དང་ཚོགས་ར་བཀོད་སྒྲིག་བསམ་བཀོད་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག གཙོ་དོན་གླེང་སྟེགས་ནི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་ནང་དོན་གལ་ཆེན་ཞིག་གི་ངོས་ནས། ཆབ་སྲིད་ཀྱི་རང་བཞིན་ཤུགས་ཆེ་བ་དང་། ཆེད་ལས་ཀྱི་རང་བཞིན་ལྡན་པ། སྤུས་ཚད་ཀྱི་རེ་བ་མཐོ་བས་སྔ་སྣུར་དུ་འཆར་འགོད་དང་གྲ་སྒྲིག་ཞིབ་ཚགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཚོགས་འདུའི་ཐོག གཙོ་དོན་གླེང་སྟེགས་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གིས་གཙོ་དོན་གླེང་སྟེགས་ཡག་པོ་གཉེར་བའི་གལ་ཆེའི་དོན་སྙིང་གསལ་ཤེས་གང་ལེགས་ཐུབ་པ་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཀྱིས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། དེ་ཡང་གཅིག་ནས་ལག་བསྟར་ཇུས་གཞི་དང་ཚོགས་ར་བཀོད་སྒྲིག་གི་ཁྱད་ཆོས་འབུར་དུ་ཐོན་པ་བྱེད་དགོས་ཏེ། “རྒྱུད་གཅིག་ལམ་གཅིག”དང་ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་པའི་སྒོ་དབྱེའི་ཤར་བགྲོད་ལམ་བུ་གལ་ཆེན་གཏོད་མགྱོགས་སུ་གཏོང་བས་བརྗོད་དོན་གཙོ་བོ་བྱས་ཏེ། ལག་བསྟར་ཇུས་གཞི་དང་ཚོགས་ར་བཀོད་སྒྲིག་གི་བསམ་བཀོད་བཟོ་བཅོས་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམ་འཛིན་གྱིས་བོད་ཀྱི་མི་རིགས་རིག་གནས་དང་ཁྱབ་ཁོངས་ཀྱི་ཁྱད་ཆོས་སྔར་བས་འབུར་དུ་ཐོན་པ་བྱེད་དགོས་པ་དང་། གཉིས་ནས་གཏམ་བཤད་གཙོ་བོ་བྱེད་མཁན་སྐུ་མགྲོན་དང་རིགས་གཅིག་མཁས་ཅན་གདན་ཞུ་བྱེད་པར་སྔ་སྣུར་དུ་འབྲེལ་བ་བྱེད་དགོས། འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ཏེ་གཏམ་བཤད་གཙོ་བོ་བྱེད་མཁན་སྐུ་མགྲོན་དང་རིགས་གཅིག་མཁས་ཅན་གདན་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས་པ། གསུམ་ནས་ལས་ཀའི་གནས་ཚུལ་ཞིབ་ཕྲ་སྔ་སྣུར་དུ་ཇུས་འགོད་བྱེད་དགོས། གཙོ་དོན་གླེང་སྟེགས་གྲ་སྒྲིག་ལས་དོན་གྱི་དུས་ཚོད་ཐུང་བ་དང་། ལས་འགན་ལྕི་བ། འགྱུར་ལྡོག་མང་བས། ལས་དོན་ཁྲོད་ཀྱི་ལྷུ་ཚིགས་དང་གནས་ཚུལ་ཚང་མར་བསམ་གཞིག་ནན་ཏན་དང་བརྟག་དཔྱད་ཞིབ་ཕྲ་བྱས་ཏེ། ལས་དོན་ཁག་སྦྲེལ་མཐུད་དམ་ཟབ་དང་གོ་རིམ་ལྡན་པའི་ངང་སྤེལ་ནས་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་གསུམ་པའི་གཙོ་དོན་གླེང་སྟེགས་ཆུ་ཚད་ལྡན་པ་དང་། གྲུབ་འབྲས་ཐོན་པ། སྤུས་རྟགས་ལྡན་པ་བཅས་ཤིག་ཏུ་ཏན་ཏིག་གཉེར་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།