དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་རིག་གནས་ཀྱི་རྣམ་པ་ཡག་པོ་ཞིག་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-21

    འདི་ལོར་རང་ལྗོངས་ཀྱི་ཡུལ་སྐོར་བ་མང་བའི་དུས་སུ་སླེབས་པ་ནས་བཟུང་། གོང་དཀར་གནམ་ཐང་གི་རྒྱལ་སྤྱིའི་ཡུལ་སྐོར་བ་ཕར་འགྲོ་ཚུར་འོང་བྱེད་ཚད་ཆེས་ཆེར་མང་དུ་སོང་བ་དང་། ཟླ་5ཚེས་1ནས་20ཉིན་བར་ཁོ་ནར་གནམ་ཐང་དུ་བཅའ་སྡོད་ལྷ་ས་འགག་སྒོའི་དོན་གཅོད་ཁང་གིས་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་གནམ་གྲུ་གཏོང་ཐེངས་59ལ་ལྟ་སྐུལ་དོ་དམ་བྱས་པའི་ནང་། རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་4160ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་238%འཕར་ཡོད་པ་རེད།

    གནམ་ཐང་དུ་བཅའ་སྡོད་ལྷ་ས་འགག་སྒོ་དོན་གཅོད་ཁང་གིས་འགག་སྒོའི་བརྒྱུད་རིམ་ལ་རང་འགུལ་ངང་ཞབས་འདེགས་ཞུས་ནས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་འགྲུལ་པ་མང་བའི་དུས་ཚིགས་ལ་ཁ་གཏད་བཅག་ཅིང་། གག་ནས་འགག་སྒོའི་ཡུལ་སྐོར་བ་འགྲུལ་བཞུད་བྱེད་སའི་མ་ལག་རྐྱང་པ་བརྒྱུད་རྒྱལ་མཚམས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བའི་གྲུབ་ཆའི་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་། སྐད་ཆ་ཤོད་ནུས་ཆེ་བའི་འགག་སྒོའི་ལས་དོན་མི་སྣ་བཀོད་སྒྲིག་བྱས་ཏེ། ཕྱི་རྒྱལ་གྱི་རི་འཛེག་ཚོགས་པའམ་ཡང་ན་གནས་སྐོར་ལ་ཡོང་མཁན་ཚོགས་པའི་དབར་གྱི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་པས། ཚོགས་པ་དང་རུ་ཁག་ཐེངས་གཅིག་ལ་འགག་སྒོ་སྒྲོལ་ཐུབ་པ་བྱས་པ་དང་། གཉིས་ནས་ས་གནས་ས་ཐོག་གི་མི་ཤུགས་ཐོན་ཁུངས་བཀོད་གཏོང་ལུགས་མཐུན་བྱས་ནས་རྒྱལ་མཚམས་སུ་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བར་ཁྲིད་སྟོན་དང་། བློ་འདྲི། འགག་སྒོ་སྒྲོལ་བའི་དོན་ཚན་ལ་འགྲེལ་བཤད་རྒྱག་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ། གསུམ་ནས་ས་གནས་ས་ཐོག་གི་འཕྲལ་སྡོམ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ནུས་པར་ཤུགས་སྣོན་བརྒྱབ་ནས་འགྲུལ་པའི་ལུས་ཐོག་གི་རྡོག་ཁྲེས་དངོས་རྫས་ལ་ཞིབ་བཤེར་བྱས་ཏེ། མི་སྣ་ཁག་བགོས་བྱེད་ཐབས་ལག་བསྟར་གྱིས་ས་གནས་ས་ཐོག་ཏུ་འཚང་ཁ་ཆེ་བའི་གནས་ཚུལ་མི་ཐོན་པ་བྱས་པ། བཞི་ནས་གཞོན་ནུ་ཤེས་དཔལ་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ནས་ས་མཐོར་མི་འཕྲོད་པ་སོགས་རོགས་རམ་བྱེད་དགོས་རིགས་ཀྱི་ཡུལ་སྐོར་བར་དུས་ཐོག་ཏུ་རོགས་སྐྱོབ་བྱས་པ། ལྔ་ནས་དྲིལ་བསྒྲགས་སྦྱར་ཡིག་དང་། གློག་རྡུལ་བརྙན་ཤེལ་སོགས་སྨྱན་སྦྱོར་གྱི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ནས། “བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་65འཁོར་བར་དྲན་གསོ་ཞུ་བ”དང“བོད་ཀྱི་བརྗིད་ཆགས་ཡིད་དུ་འོང་བའི་མཛེས་ལྗོངས་ངོམས་སྟོན་བྱེད་པ”སོགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་རིག་གནས་ཀྱི་རྣམ་པ་ཡག་པོ་ཞིག་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།