དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཁྲོན་བོད་གཞུང་ལམ་བོད་ལྗོངས་ས་ཁོངས་ཀྱི་འགྲུལ་བཞུད་ཆད་པའི་ལམ་བུ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་དྲ་བའི་འཕྲིན།   |     སྤེལ་དུས།  2016-06-20

    མི་དམངས་དྲ་བའི་འཕྲིན། གསར་འགོད་པར་བོད་ལྗོངས་འགྲིམ་འགྲུལ་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་བསྟུད་མར་ཛ་དྲག་ངང་ཉམས་བཟོ་བརྟན་གཏོང་བྱས་པ་བརྒྱུད་ཁ་སྔོན་ཤྭ་འོད་ཀྱིས་འཁྱེར་བའི་ཁྲོན་བོད་གཞུང་ལམ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ས་ཁོངས་ཀྱི་ར་འོག་ལམ་བུའི་སྟབས་བདེའི་ཟམ་པ་མིག་སྔར་ཤར་གཏོང་ཐུབ་ནས་ས་ཆ་དེ་གར་ལུས་པའི་ཡུལ་སྐོར་བ་དང་འཁོར་རིགས་གཅིག་རྗེས་གཉིས་མཐུད་ངང་བདེ་སྒྲོལ་བྱུང་བ་རེད།

    ཟླ་6ཚེས་8ཉིན་གྱི་ཕྱི་དྲོ། དྲག་ཆར་རྒྱུན་ཆད་མེད་པར་བབས་པས་ཁྲོན་བོད་གཞུང་ལམ་གྱི“བརྒྱུད་དགོས་ངེས་ཀྱི་ས་ཚིགས”ཏེ། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་དུམ་བུར་ཤྭ་འོད་རྒྱུག་ནས་ས་གནས་དེ་གའི་སྟབས་བདེའི་ཟམ་པ་ཆུས་འཁྱེར་ཏེ་ལམ་བུ་ཆད་ནས་འཁོར་རིགས་ཆིག་སྟོང་ལྷག་ཙམ་དེ་གར་ལུས་ཡོད་པ་རེད།

    དཔའ་ཤོད་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཞེ་དབྱང་གིས་ངོ་སྤྲོད་བྱས་པར། གཞུང་ལམ་སྡེ་ཚན་གྱིས་ཉམས་བཟོ་སྲ་བརྟན་བཏང་བ་བརྒྱུད་མིག་སྔར་སྟབས་བདེའི་ཟམ་པ་རྩ་བའི་ཆ་ནས་ཤར་གཏོང་ཐུབ་སྟེ་འཁོར་རིགས་ཆུང་གྲས་དང་རྐང་ཐང་མའི་ཡུལ་སྐོར་བ་བདེ་བླག་ངང་བསྐྱོད་ཐུབ་པ་བྱུང་ཡོད། སྟབས་བདེའི་ཟམ་པའི་ལྗིད་འདེགས་ཚད་གཞིས་རྐྱེན་པས་འཁོར་རིགས་ཆེ་གྲས་ཆུ་བརྒལ་ནས་འགྲོ་དགོས་ཡོད་པ་རེད།

    ད་ཆ་བོད་དུ་ཆར་དུས་ཤར་བས་ཁྲོན་བོད་གཞུང་ལམ་གྱི་ལམ་རྒྱུད་དུ་ཆར་ཆུ་ཡང་ཡང་བབས་ནས་རང་བྱུང་གནོད་འཚེ་སྣ་ཚོགས་ཕོག་སླ་བས། བོད་ལྗོངས་འགྲིམ་འགྲུལ་སྡེ་ཚན་གྱིས་དམིགས་བསལ་དྲན་སྐུལ་ཞུ་དོན། ཉེ་ལམ་ཁྲོན་བོད་གཞུང་ལམ་བརྒྱུད་བོད་དུ་ཡོང་མཁན་གྱི་རྒྱ་ཆེའི་ཡུལ་སྐོར་བ་དང་འགྲོ་འོང་བྱེད་མཁན་གྱི་ཁ་ལོ་བས་ཕྱོགས་ལ་མ་ཐོན་གོང་ལམ་བུའི་གནས་ཚུལ་བློ་འདྲི་བྱས་ཏེ་ཉེན་ཁ་མ་འཕྲད་པ་བྱེད་དགོས་པ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།