དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བྱང་ཤར་ནས་ལྷ་སར་གཏོང་བའི་མེ་འཁོར་གྱི་མི་གཤིས་ཅན་གྱི“གསོ་རླུང་ཞབས་ཞུ”ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-20

    293232_yis_1466314063511_s.jpg

    དབྱར་དུས་ཡུལ་སྐོར་གྱི་མཐོ་རླབས་འཕྱུར་ལ་ཉེ་བའི་མཚམས་སུ་འགྲུལ་པ་ཚོ་ས་མཐོའི་ཁོར་ཡུག་དང་དེ་བས་ལེགས་པ་འཕྲོད་ཆེད། ཁྲང་ཁྲུན་ནས་ལྷ་ས་བར་གྱི་མེ་འཁོར་ཐེངས་Z722དང་Z21གི་མི་གཤིས་ཅན་གྱི“གསོ་རླུང་ཞབས་ཞུ”ལེགས་སུ་བཏང་ཡོད་པ་རེད། ཧྲན་དབྱང་ལྕགས་ལམ་ཅུས་ཁྲང་ཁྲུན་འགྲུལ་སྐྱེལ་དུམ་བུའི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། Z722དང་Z21མེ་འཁོར་འདི་ལོའི་ཟླ་2ཚེས་26ཉིན་ནས་བཟུང་གཏོང་འགོ་ཚུགས་པ་དང་། མེ་འཁོར་གྱི་འཁོར་སྒྲོམ་ཚང་མར་25Tརྣམ་པའི་མཚོ་བོད་ས་མཐོའི་ཆེད་སྤྱོད་མཁའ་རླུང་སྙོམས་སྒྲིག་འཕྲུལ་ཆས་སྒྲིག་སྦྱོར་བྱས་ཡོད་པ་མ་ཟད། འཁོར་སྒྲོམ་ཚང་མར་གསོ་རླུང་མཁོ་འདོན་སྒྲིག་ཆས་བསྒར་བས་གསོ་རླུང་བཟོ་བྱེད་འཕྲུལ་འཁོར་གྱིས་མཁའ་རླུང་སྙོམས་སྒྲིག་མ་ལག་བརྒྱུད་ནས་གསོ་རླུང་མཁོ་འདོན་ཐུབ་ཀྱི་ཡོད་ཅིང་། འདི་ནི་ཁྲང་ཁྲུན་འགྲུལ་སྐྱེལ་ལམ་བུའི་མེ་འཁོར་ཞབས་ཞུ་བས་མེ་འཁོར་ཐེངས་Z722ཀྱི་མལ་ཁྲི་ཡོད་པའི་འཁོར་སྒྲོམ་དུ་སྨན་སྤྱོད་གསོ་རླུང་སྣོད་ཆས་སྟོན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།