དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་ས་དང་ལྷོ་ཁས་ཡུལ་སྐོར་གཞི་གཅིག་ཅན་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-19

    ཟླ་6ཚེས་8ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱིས་ས་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ལྷ་ས་དང་ལྷོ་ཁའི་ཡུལ་སྐོར་གཞི་གཅིག་ཅན་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་བ་རེད།

    གྲོས་མཐུན་ལ་མིང་རྟགས་འགོད་མཁན་ཕྱོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་དང་ལྷོ་ཁའི་ཡུལ་སྐོར་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བོད་དབུས་རྒྱུད་ཀྱི་ཡུལ་སྐོར་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་སྟེ“བོད་དབུས་རྒྱུད་ཀྱི་ཡུལ་སྐོར་སྣེ”ཆགས་པ་བྱ་རྒྱུ་དེས་ལྷ་ས་དང་ལྷོ་ཁའི་ཡུལ་སྐོར་ལས་རིགས་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་ཐོག་དར་རྒྱས་གཏོང་རྒྱུར་ཕན་ཐོགས་ཡོད་ལ་ལྷ་ས་ནས་རྩེད་ཐང་བར་གྱི“ཆུ་ཚོད་གཅིག་གི་དཔལ་འབྱོར་ཁུལ”སྐྱེད་སྲིང་བྱ་རྒྱུར་ཕན་ཐོགས་ཀྱང་ཡོད་པས་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། གྲོས་མཐུན་ལ་མིང་རྟགས་བཀོད་རྗེས་གྲོང་ཁྱེར་གཉིས་ཀྱི་ཡུལ་སྐོར་སྡེ་ཚན་གྱིས་ཐུན་མོང་ཐོག་ཡུལ་སྐོར་སྤུས་རྟགས་གཏོད་པ་དང་ཡུལ་སྐོར་ཁྲོམ་ར་གསར་འབྱེད་བྱས་ནས་ཡུལ་སྐོར་ཁེ་ལས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ས་གནས་གཉིས་པོའི“ཐོགས་མེད་ཡུལ་སྐོར་ཁུལ”བསྐྲུན་རྒྱུར་སྐུལ་འདེད་མྱུར་པོ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།