དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་ས་ནས་ཟི་ལིང་བར་མེ་འཁོར་གཏོང་ཐེངས་མང་དུ་བཏང་བ་དེས་ཡུལ་སྐོར་བའི་ཕྱི་འགྲོའི་དགོས་མཁོ་སྐོང་རྒྱུ་ཡིན་པ།

  •     སྤེལ་དུས།  2016-06-14

    མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ལྷ་ས་མེ་འཁོར་བབས་ཚུགས་ནས་ཤེས་རྟོགས་བྱས་པར། ཟླ་དྲུག་པའི་ཟླ་མཇུག་ཏུ་ལྷ་ས་ནས་ཟི་ལིང་བར་མེ་འཁོར་ཐེངསZ6811/2མང་དུ་བཏང་ནས་བོད་དུ་སྐྱོད་མཁན་ཡུལ་སྐོར་བའི་ཕྱི་འགྲོའི་དགོས་མཁོ་སྐོང་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཟླ་6ཚེས་25ཉིན་ནས་བཟུང་། ཟི་ལིང་ནས་ལྷ་ས་བར་མེ་འཁོར་ཐེངས་Z6811མང་དུ་བཏང་སྟེ་ཆུ་ཚོད་20དང་སྐར་མ་15ཙམ་ལ་ཟི་ལིང་ནས་ཐོན་རྒྱུ་ཡིན་པ་དང་། ཟླ་6ཚེས་26ཉིན་ནས་བཟུང་ལྷ་ས་ནས་ཟི་ལིང་བར་མེ་འཁོར་ཐེངས་Z6812མང་དུ་བཏང་སྟེ་ཆུ་ཚོད་16དང་སྐར་མ་15ཙམ་ལ་ལྷ་ས་ནས་ཐོན་རྒྱུ་ཡིན་པ་དང་། འགྲོ་ཐེངས་གཅིག་ལ་ཆུ་ཚོད་22འགོར་གྱི་ཡོད།

    མེ་འཁོར་གཏོང་ཐེངས་མང་དུ་བཏང་རྗེས་ཉིན་ལྟར་ལྷ་ས་ནས་ཟི་ལིང་བར་འགྲོ་འོང་བྱེད་མཁན་མེ་འཁོར་12ཟིན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།