དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་དང་ལྷོ་ཁུ་རི་ཡ་དབར་གྱི་ཡུལ་སྐོར་དང་རིག་སྐྲུན་སྤེལ་རེས་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2016-06-12

    བོད་རང་སྐྱོང་ལྗོངས་དང་ལྷོ་ཁུ་རི་ཡ་དབར་གྱི་ཡུལ་སྐོར་དང་རིག་སྐྲུན་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཉིན་ཤས་གོང་ཚོགས་པའི་སྣེ་ཁྲིད་དེ་ལྷོ་ཁུ་རི་ཡར་འཚམ་འདྲི་གནང་བར་ཕེབས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་སྤྱི་ཚེས་8ཉིན་ལྷོ་ཁུ་རི་ཡའི་རེན་ཁྲོན་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་པའི་སྐབས་དང་པོའི་ཀྲུང་གོ་དང་ལྷོ་ཁུ་རི་ཡའི་ཞིང་ཆེན་དབུ་འཛིན་གྱི་ཚོགས་འདུའི་ཐོག་གཏམ་བཤད་གནང་ནས།  བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གནས་ཚུལ་དང་བོད་རང་སྐྱོང་ལྗོངས་ཀྱིས་ཡུལ་སྐོར་གོང་འཕེལ་གཏོང་བའི་སྲིད་ཇུས་བྱ་ཐབས་དང་དམིགས་ཚད་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད།  བོད་རང་སྐྱོང་ལྗོངས་དང་ལྷོ་ཁུ་རི་ཡ་དབར་གྱི་ཡུལ་སྐོར་རིག་གནས་དང་རིག་སྐྲུན་སྤེལ་རེས།  དོན་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་བཅས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཞིབ་ཕྲའི་གྲོས་འགོ་བཏོན་གནང་བ་རེད།

    སྤྱི་ཚེས་9ཉིན་བློ་བཟང་རྒྱལ་མཚན་དང་ལྷོ་ཁུ་རི་ཡའི་ཆིང་ཧྲང་ནན་ཞིང་ཆེན་གྱི་དབུ་འཛིན་ཧུང་སྒྲོན་ཧྲའོ་རྣམ་གཉིས་ཀྱིས་བོད་རང་སྐྱོང་ལྗོངས་དང་ལྷོ་ཁུ་རི་ཡའི་ཆིང་ཧྲན་ནན་ཞིང་ཆེན་དབར་ཞིང་ཆེན་རིམ་པའི་མཛའ་གྲོགས་རོགས་པའི་འབྲེལ་བ་འཛུགས་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་གནང་བ་རེད།  འཐུས་མི་ཚོགས་པའི་དཔོན་རིགས་ནས་གྲོས་མཐུན་བཞག་པ་དེས་བོད་རང་སྐྱོང་ལྗོངས་དང་རྒྱལ་སྤྱིའི་དབར་གྱི་ཞིང་ཆེན་རིམ་པའི་མཛའ་གྲོགས་གྲོང་ཁྱེར་གྱི་འབྲེལ་བའི་སྟོང་ཆ་བསྐངས་ཡོད་པས་ཕྱོགས་གཉིས་པོས་ཐུན་མོང་གི་ངོས་འཛིན་རྒྱ་ཆེར་གཏོང་རྒྱུ་དང་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུ།  རྒྱུས་མངའ་དང་ཡིད་ཆེས་ཟབ་ཏུ་གཏོང་རྒྱུ།  དོན་གཉེར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།