དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྔ་པའི་ཚེས་ལྔའི་དུས་ཆེན་ལ་རྒྱལ་ཐང་དུ་མི་རིགས་ཀྱི་ཡུལ་སྲོལ་ཟབ་མོར་མྱོང་རོལ་བྱེད་པ།

  •     སྤེལ་དུས།  2016-06-08

    མི་དམངས་དྲ་བའི་འཕྲིན། ལོ་རེའི་ཟླ་6པ་ནི་སེམས་ཀྱི་ཉི་ཟླའི་ཆེས་མཛེས་པའི་དུས་ཚིགས་ཡིན་ལ། ལོ་ལྟར་གྱི་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་སེམས་ཀྱི་ཉི་ཟླའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ལོ་གཅིག་རིང་གི་ཆེས་གཟབ་རྒྱས་ཀྱི་དུས་ཆེན་གྲས་ཤིག་སྟེ་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་དུས་ཆེན་བསུས་ཤིང་། ཚེས་27ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་འབྱོར་པའི་གནས་ཚུལ་ལྟར་ན། ད་ལོའི་ཟླ་6ཚེས་7ནས་ཚེས་12ཉིན་རིང་དེ་གར་སེམས་ཀྱི་ཉི་ཟླའི་ས་ཁོངས(ཞིང་ཆེན་3དང་གྲོང་ཁྱེར་དང་རྫོང་11)ཡུལ་སྐོར་མཉམ་ལས་ཚོགས་ཆེན་སྐབས་དང་པོ་དང་། 2016ལོའི་ཀྲུང་གོ·སེམས་ཀྱི་ཉི་ཟླའི་ཟླ་ལྔ་པའི་མི་རིགས་སྲོལ་རྒྱུན་རྟ་རྒྱུག་དུས་ཆེན་གྱི་བྱེད་སྒོ་གཉེར་རྒྱུ་ཡིན་པ་རེད།

    སེམས་ཀྱི་ཉི་ཟླའི་རྟ་རྒྱུག་དུས་ཆེན་དེ་ངག་རྒྱུན་དུ་བོད་མི་རིགས་ཀྱི་དཔའ་བོ་གླིང་གེ་སར་རྒྱལ་པོའི་སྐབས་ཀྱི་རྟ་རྒྱུག་རྒྱལ་འཇོག་ནས་བྱུང་བ་ཡིན་ཟེར་སྲོལ་ཡོད་པ་དང་། ལོ་ལྟར་གྱི་ལྔ་པའི་ཚེས་ལྔའི་དུས་ཆེན་ཐོག་འགོ་ཚུགས་ནས་སྤྱིར་བཏང་ཉིན་གསུམ་ལ་སྤེལ་རྒྱུ་ཡིན་པ་དང་། ལོ་མང་རིང་འཕེལ་རྒྱས་བྱུང་བ་བརྒྱུད། དེ་ནི་སེམས་ཀྱི་ཉི་ཟླའི་མི་རིགས་ཁག་གི་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་མཚོན་ཚུལ་དང་མི་རིགས་ཁག་གི་མི་དམངས་དང་ཡུལ་སྐོར་བ་མཉམ་སྤྲོ་ཆེན་པོ་བྱེད་པའི་དུས་ཆེན་གཟབ་རྒྱས་ཤིག་ཏུ་གྱུར་ཡོད།

    དེ་སྔའི་རྟ་རྒྱུག་དུས་ཆེན་དང་བསྡུར་ན། ད་ལོའི་བྱེད་སྒོ་སྔར་བས་ཕུན་སུམ་ཚོགས་པོ་ཡོད་དེ། རྟ་རྩལ་ངོམས་པ་དང་། རྟ་རྩལ་འགྲན་བསྡུར། མདའ་འཕེན། དམངས་ཁྲོད་ཀྱི་རྟའི་ཡོ་བྱད་འགྲེམས་སྟོན། བོད་རིགས་ཀྱི་སྲོལ་རྒྱུན་པི་ཝང་ཞབས་བྲོའི་འགྲན་བསྡུར་སོགས་སྲོལ་རྒྱུན་རྟ་རྒྱུག་དུས་ཆེན་གྱི་བྱེད་སྒོ་ཕུད། ད་དུང་སེམས་ཀྱི་ཉི་ཟླ་ས་ཁོངས་ཀྱི་མཉམ་ལས་མནའ་མཐུན་བཙུགས་པའི་ཚོགས་ཆེན་དང་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་སོགས་དེང་རབས་ཚོང་ལས་བྱེད་སྒོ་ཡང་སྤེལ་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། “ཞིང་ཆེན་3གྱི་གྲོང་ཁྱེར་དང་རྫོང་11”ནི་ཡུན་ནན་ཞིང་ཆེན་གྱི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་། བདེ་ཆེན་རྫོང་། འབའ་ལུང་རྫོང་། ས་དམ་གྲོང་ཁྱེར་གྱི་དཀར་པོ་རྫོང་དང་། སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཀྲོའུ་སྡེ་རོང་རྫོང་དང་། ཕྱག་ཕྲེང་རྫོང་། འདབ་པ་རྫོང་། འབའ་ཐང་རྫོང་། ལི་ཐང་རྫོང་། ལིའང་ཧྲན་ཀྲོའུ་ཡི་མུ་ལི་རྫོང་། བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་སྨར་ཁམས་རྫོང་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།