དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རྐང་ཐང་མར་བསྐྱོད་རྒྱུར་དགའ་བའི་ཀྲུང་གོ་བ་8ཇོ་རིར་འཛེགས་པ།

  •     སྤེལ་དུས།  2016-06-07

    མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་2ཉིན་ལུས་རྩལ་ཆེད་གཏོང་གློག་འཕྲིན་འབྱོར་གསལ། བོད་ལྗོངས་རི་འཛེག་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། རྐང་ཐང་མར་བསྐྱོད་རྒྱུར་དགའ་བའི་ཀྲུང་གོ་བ་8ཚེས་2ཉིན་གྱི་ཞོགས་པ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་7028ཡོད་པའི་ཇོ་རིའི་བྱང་སྣེ་ནས་རིམ་གྱིས་འཛེགས་པ་དང་མིག་སྔར་བབས་བཞིན་ཡོད་པ་རེད།

    བོད་ལྗོངས་ཡར་ལྷ་ཤམ་པོའི་རི་འཛེག་མྱུལ་དཔྱད་ཀུང་སིའི་འགན་ཁུར་བ་བསམ་གྲུབ་ཀྱིས་གསར་འགོད་པར་ཐེངས་དེའི་རྐང་ཐང་མར་བསྐྱོད་མཁན་རྣམས་ནི་དེ་སྔོན་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6000ཡོད་པའི་གངས་རིར་འཛེགས་མྱོང་ཡོད་ལ། རྐང་ཐང་མར་ཇོ་རིའི་བྱང་སྣེ་ནས་འཛེག་པའི་ནུས་པའང་ཡོད། ཁོང་ཚོ་མི་12ཟླ་4ཚེས་20ཉིན་ལྷ་ས་ནས་ཐོན་ཏེ་ཇོ་རིའི་སྒར་ས་ཆེ་མོའི་ཕྱོགས་སུ་བསྐྱོད་པ་དང་། དེ་ནས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5800ཡོད་པའི་སྒར་ས་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6500ཡོད་པའི་སྒར་སར་གཟུགས་པོ་འཕྲོད་པ་བྱ་རྒྱུ་དང་འབྲེལ་ཡོད་སྦྱོང་བརྡར་བྱས་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།