དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ཉིང་ཁྲི་གནམ་ཐང་ཉིང་ལག་ལམ་བུའི་ཡུལ་སྐོར་གནམ་ཐང་ཡག་ཤོས་ལ་བདམས་པ།

  • ཡོང་ཁུངས།  ​ མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-06-05

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས། བོད་ལྗོངས་ཉིང་ཁྲི་གནམ་ཐང་དེ་ཀྲུང་གོ་ཡུལ་སྐོར་མཐུན་ཚོགས་དམངས་སྤྱོད་མཁའ་འགྲུལ་ཡུལ་སྐོར་ཆེད་ལས་ཨུ་ལྷན་གྱིས་2015ལོ་འཁོར་གྱི“ཉིང་ལག་ལམ་བུའི་ཡུལ་སྐོར་གནམ་ཐང་ཡག་ཤོས”སུ་བདམས་ནས་དམིགས་བསལ་མཚན་སྙན་དེ་ཐོབ་པའི་རྒྱལ་ཡོངས་ཀྱི་གནམ་ཐང་ལྔའི་གྲས་སུ་གྱུར།

    མཚན་སྙན་དེ་ནི་ཉིང་ཁྲི་གནམ་ཐང་གིས་དུས་གཏན་གནམ་གྲུའི་འཁོར་སྐྱོད་དང་། ཞབས་ཞུའི་དོ་དམ། ཆ་ཚང་བའི་སྒྲིག་ཆས། ཡུལ་སྐོར་བའི་བློ་ཡིད་ཚིམས་ཚད་སོགས་ཐད་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་ཞིག་ཡིན། 2006ལོའི་ཟླ་9ཚེས་1ཉིན་གནམ་གྲུ་ཤར་གཏོང་ཐུབ་པ་ནས་བཟུང་། ཉིང་ཁྲི་གནམ་ཐང་གིས་བདེ་འཇགས་འཁོར་སྐྱོད་ཟབ་ཏུ་གཏོང་བ་དང་། མཁའ་ལམ་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་བྱ་སྤྱོད་བརྒྱུད་དུས་གཏན་གནམ་གྲུའི་འཕུར་ཐེངས་ཐོག་མའི་སྐབས་ཀྱི་གཟའ་འཁོར་རེར་ཐེངས་གཅིག་ནས་ད་ལྟའི་ཉིན་གཅིག་ལ་ཐེངས་ལྔ་ནས་བདུན་བར་མང་དུ་བཏང་ཡོད། 2015ལོར་བོད་ལྗོངས་ཉིང་ཁྲི་གནམ་ཐང་གིས་དུས་གཏན་གནམ་གྲུ་འཕུར་ཐེངས་དང་འབབ་ཐེངས་4500ལྷག་ཙམ་དང་། ཡུལ་སྐོར་བ་བསུ་སྐྱེལ་བྱེད་ཚད་མི་ཐེངས་ཁྲི་38.3 དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་1652བཅས་ཐུབ་པའི་འགན་ལེན་བྱས་ཡོད།

    གོམ་སྟབས་རྗེས་མར། བོད་ལྗོངས་ཉིང་ཁྲི་གནམ་ཐང་གིས་བདེ་འཇགས་ལས་འགན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། “མཚམས་ཐིག་གསུམ”གྱི་བླང་བྱ་ལག་ལེན་བཅས་བྱས་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་རྒྱུ་དང་སྦྲགས། ས་གནས་སྲིད་གཞུང་དང་འབྲེལ་བ་དམ་ཟབ་བྱས་ནས་མཁའ་འགྲུལ་ཡུལ་སྐོར་ཁྲོམ་ར་གསར་འབྱེད་ཧུར་ཐག་བྱས་ཏེ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བར་རོགས་རམ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།