དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡུམ་བུ་བརླ་མཁར་གཤམ་གྱི་རྟ་འཁྲིད་མཁན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-04

    288251_yis_1464930280662.jpg

    གྲོང་མིས་རྟ་འཁྲིད་དེ་ཡུམ་བུ་བརླ་མཁར་དུ་འགྲོ་བའི་གནས་ཚུལ་ཡིན་པ།

    288250_yis_1464930280132.jpg

    བོད་ཀྱི་མཁར་ལ་སྔ་བ་ཡུམ་བུ་བརླ་མཁར་ཡིན་པ།

    ལྷོ་ཁ་སྣེ་གདོང་རྫོང་རྩེད་ཐང་གྲོང་རྡལ་སྨོན་གྲོང་སྒང་ནི་དུད་ཚང་60ལྷག་ཙམ་ལས་མེད་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་པ་དེ་བོད་ཀྱི་མཁར་ལ་སྔ་བ་ཡུམ་བུ་བརླ་མཁར་གྱི་གཤམ་དུ་ཆགས་ཡོད། ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་གྲོང་མི་ཚོ་ཡུལ་སྐོར་ལས་རིགས་ནང་ཞུགས་ཤིང་། གྲོང་ཚོའི་ནང་གི་དུད་ཚང་60ལྷག་ཙམ་ནང་ནས་དུད་ཚང་རེ་ནས་རྟ་གཅིག་དང་རྟ་འཁྲིད་མཁན་གཅིག་བཏང་བ་དང་སྦྲགས། ཚོགས་ཆུང་གཉིས་ལ་བགོས་ཏེ་རྟ་བཞོན་ནས་འགྲོ་འདོད་ཆེ་བའི་ཡུལ་སྐོར་བ་འགྲོ་ཐེངས་རེར་སྒོར་30དང་འགྲོ་འོང་བྱེད་པར་སྒོར་50ཡི་ཐོག་ནས་ཡུམ་བུ་བརླ་མཁར་དུ་སྐྱེལ་གྱི་ཡོད་པས་ཡུལ་སྐོར་བའི་ས་མཐོ་མི་འཕྲོད་པ་ཅུང་འཇགས་པ་མ་ཟད། གྲོང་མིའི་ཡོང་འབབ་ཀྱང་འཕར་བ་རེད། གྲོང་མི་ཚོས་ཉིན་ལྟར་བྱུང་བའི་ཡོང་འབབ་དེ་དག་མཉམ་དུ་བཞག་ནས་བགོ་བཤའ་རྒྱག་གི་ཡོད་པ་དང་། ལོ་ལྟར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གསུམ་ཙམ་ཡོང་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།