ཉེ་དུས། ཉིང་ཁྲི་སྨན་གླིང་གནམ་གྲུ་ཐང་དེ་ཀྲུང་གོ་ཡུལ་སྐོར་མཐུན་ཚོགས་དམངས་སྤྱོད་མཁའ་འགྲུལ་ཡུལ་སྐོར་ཆེད་ལས་ཨུ་ཡོན་ལྷན་ཁང་གིས། སྤྱི་ལོ་2015ལོའི་ཡན་ལག་ལམ་ཐིག་གི་ཡུལ་སྐོར་གནམ་གྲུ་ཐང་ལེགས་ཤོས་ལ་བདམས་པས་རྒྱལ་ཡོངས་ནས་མཚན་སྙན་དེ་ཐོབ་པའི་གནམ་གྲུ་ཐང་ལྔའི་གྲས་སུ་གྱུར་ཡོད་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ་2006ལོའི་ཟླ་9པའི་ཚེས་1ཉིན་ནས་གནམ་གྲུ་ཤར་གཏོང་ཐུབ་ཚུན། ཉིང་ཁྲི་གནམ་གྲུ་ཐང་གིས་བདེ་འཇགས་འཁོར་རྒྱུགས་གཏིང་ཟབ་ཏུ་གཏོང་བ་དང་མཁའ་འགྲུལ་ལམ་ཐིག་དྲ་བ་འཐུས་སྒོ་ཚང་དུ་གཏོང་བ་སོགས་བྱས་པས། གནམ་གྲུ་འབབ་འཕུར་བྱེད་ཚད་དེ་ཐོག་མའི་གཟའ་འཁོར་རེར་གནམ་གྲུ་ཐེངས་རེ་འབབ་འཕུར་བྱེད་པ་ནས་ད་ཆའི་ཉིན་རེར་གནམ་གྲུ་ཐེངས་ལྔ་ནས་བདུན་བར་འབབ་འཕུར་བྱེད་རྒྱུར་འགྱུར་ཡོད་པ་དང་། སྤྱི་ལོ་2015ལོར་ཉིང་ཁྲི་གནམ་གྲུ་ཐང་གིས་བདེ་འཇགས་ངང་གནམ་གྲུ་འབབ་འཕུར་ཐེངས་4500ལྷག་ཙམ་ཐུབ་རྒྱུ་འགན་སྲུང་བྱས་ཏེ། འགྲུལ་པ་མི་ཐེངས་ཁྲི་ཚོ་38.3སྐྱེལ་འདྲེན་དང་དངོས་ཟོག་ཀྲོན་1652དབོར་འདྲེན་བྱས་ཡོད་པ་རེད།