དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ​ བོད་ཀྱི་ཡུལ་སྐོར་ཚོང་ཟོག་ལ་གསེར་གྱི་རྟགས་མ་གཅིག་དང་ཟངས་ཀྱི་རྟགས་མ་གཉིས་ཐོབ་པ།

  • ཡོང་ཁུངས།  ​ མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-06-02

    བོད་ལྗོངས་ཚོང་འཕྲིན་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་ཡུལ་སྐོར་ཚོང་ཟོག་འགྲེམས་ཚོགས་སྐབས་བརྒྱད་པ་དེ་ཉེ་ཆར་ཀྲེ་ཅང་དབྱི་ཝུའུ་རུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་ཅུས་དང་། བོད་ལྗོངས་གོ་ཧྥུང་བརྡ་ཁྱབ་ཚད་ཡོད་ཀུང་སི། སྙན་རོང་རྫོང་གཡུ་རྩེ་ས་འོག་ཚ་ནུས་གསར་པ་གསར་སྤེལ་ཚད་ཡོད་ཀུང་སི་སོགས་ཚན་པ་མང་པོ་དང་མཉམ་དུ་བོད་ཀྱི་ཁྱད་ལྡན་ཡུལ་སྐོར་ཚོང་ཟོག་བརྒྱ་གྲངས་སྐབས་དེའི་ཡུལ་སྐོར་ཚོང་ཟོག་འགྲེམས་ཚོགས་ནང་བསྟན་ཡོད། གསར་འགོད་པས་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2016ལོའི་ཀྲུང་གོའི་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ནང་བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། བོད་ལ་གསེར་གྱི་རྟགས་མ་གཅིག་དང་ཟངས་ཀྱི་རྟགས་མ་གཉིས་ཐོབ་ཡོད་པ་རེད།

    “ཡུལ་སྐོར་ཚོང་ཟོག་གསར་གཏོད་དང་ཉོ་ཚོང”ལྟེ་བར་བྱས་པ་དང“ཡུལ་སྐོར་ཚོང་ཟོག་དཔེ་གསར་ས་ཕྱོགས་གང་སར་བྲིན་ཁ་རྒྱུག”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་ཡུལ་སྐོར་ཚོང་ཟོག་འགྲེམས་ཚོགས་སྐབས་བརྒྱད་པ་དེ་རྒྱལ་ཁབ་ཡུལ་སྐོར་ཅུས་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་ཀྲུང་གོ་ཡུལ་སྐོར་མཐུན་ཚོགས་སོགས་ཀྱི་ཚན་པས་སྒྲུབ་འགན་འཁུར་བ་ཞིག་རེད། འགྲེམས་ཚོགས་ཐོག་རྒྱལ་ཡོངས་ཀྱི་ཡུལ་སྐོར་ཚོང་ཟོག་ཁག་460ཡི་སྣ་ཁ་3300འགྲེམས་སྟོན་ནང་ཞུགས་ཤིང་། གསར་གཏོད་དང་། ས་ཁོངས། བཟོ་རྩལ། ཁྲོམ་ར། གོ་ཆོད། དཔེ་སྟོན་བཅས་ཕྱོགས་དྲུག་གི་ཐད་ནས་གསེར་གྱི་བྱ་དགའ་ཁག་10དང་། དངུལ་གྱི་བྱ་དགའ་ཁག་20 ཟངས་ཀྱི་བྱ་དགའ་ཁག་50བཅས་བདམས་ཡོད། བོད་ཀྱིས་འབུལ་བའི་ཡུལ་སྐོར་ཚོང་ཟོག་ལ་ཚང་མའི་གདེང་འཇོག་བཟང་པོ་ཐོབ་པ་དང་འབྲེལ་མངོན་གསལ་འདོད་ཤོས་སུ་གྱུར་པའི་ནང་སྨིན་གྲོལ་གླིང་གི་སྤོས་ལ་གསེར་གྱི་བྱ་དགའ་ཐོབ་པ་དང་། 《འུན་ཤིང་ཀོང་ཇོ》དང་བྱང་ཆུབ་ཤིང་གི་ལོ་མའི་ཡུལ་སྐོར་ཐོན་རྫས་རབ་དང་རིམ་པར་ཟངས་ཀྱི་བྱ་དགའ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།