དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་སྔོན་གྱིས“དབྱར་བསིལ་གྲོང་ཁྱེར་སྐོར་བའི་ཡུལ་སྐོར”ལ་སྐུལ་འདེད་བཏང་ནས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་བཏོད་པ།

  •     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-05-26

    མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་སུ་སྒེར་འཁོར་བཏང་ནས་ཡུལ་སྐོར་མཁན་མང་དུ་ཕྱིན་པ་དང་བསྟུན་ནས། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས“དབྱར་བསིལ་གྲོང་ཁྱེར་སྐོར་བའི་ཡུལ་སྐོར”གྱི་མཉམ་ལས་གྲོང་ཁྱེར་གྱི་ཁྱབ་ཁོངས་རྒྱ་བསྐྱེད་བཏང་ནས་མཚོ་སྔོན་གྱི་ས་ཁོངས་ཁྱོན་ཡོངས་ཀྱི་ཡུལ་སྐོར་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།

    ཟི་ལིང་ནི་དབྱར་ཁ་བསིལ་བའི་གྲོང་ཁྱེར་ཞིག་ཡིན་པས་མི་རྣམས་ཀྱིས“དབྱར་བསིལ་གྲོང་ཁྱེར”ཞེས་འབོད་ཅིང་། “དབྱར་བསིལ་གྲོང་ཁྱེར་སྐོར་བའི་ཡུལ་སྐོར”ནི་མཚོ་སྔོན་ཞིང་ཆེན་གྱིས་2009ལོར་བཏོན་པའི་ཟི་ལིང་བསྐོར་ནས་སྤྱི་ལེ་200སྐྱོད་པའི་ས་ཁོངས་ཡིན། ལོ་དེར་དབྱར་བསིལ་གྲོང་ཁྱེར་སྐོར་བའི་ཡུལ་སྐོར་མཉམ་ལས་ནང་ཞུགས་མཁན་ཀྲོའུ་དང་གྲོང་ཁྱེར་དང་ཚན་པའི་གྲས་སུ་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར་(དེ་སྔའི་ཚོ་ཤར་ས་ཁུལ་)རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ། མཚོ་སྔོན་པོའི་མཛེས་ལྗོངས་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་བཅས་ཡོད་པ་རེད། འདི་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་བཅས་ཀྱང་དེའི་ནང་འཇུག་རྒྱུ་ཡིན་ཞིང་། མིག་སྔར་ཞིང་ཆེན་དེའི་ཀྲོའུ་དང་གྲོང་ཁྱེར་8དང་མཛེས་ལྗོངས་ཁུལ་1བཅས་ཚང་མ་དབྱར་བསིལ་གྲོང་ཁྱེར་སྐོར་བའི་ཡུལ་སྐོར་མཉམ་ལས་ནང་དུ་ཞུགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲོའུ་དང་གྲོང་ཁྱེར་8དང་མཛེས་ལྗོངས་ཁུལ་1བཅས་ཀྱིས་མཚོ་སྔོན་ས་ཁོངས་ཀྱི་འགྲིམ་འགྲུལ་དྲ་བ་དང་། བཟའ་བཏུང་ཞག་སྡོད། ཕྱོགས་སྟོན་མཚོན་རྟགས། ཆ་འཕྲིན་བློ་འདྲི། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་གྱི་སྒར་ས་སོགས་རྨང་གཞིའི་ལེ་ལག་ཞབས་ཞུ་སྒྲིག་བཀོད་དང་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་དང་ཤུགས་སྣོན་བརྒྱབ་ནས་མཚོ་སྔོན་ཁྱོན་ཡོངས་ཀྱི་ཡུལ་སྐོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    ས་ཁོངས་ཡུལ་སྐོར་ལ་སྐུལ་འདེད་གཏོང་ཆེད། འདི་ལོར་མཚོ་སྔོན་གྱིས་དུས་ཚིགས་མི་འདྲ་བའི་ནང་ཟི་ལིང་ནས་སྒེར་འཁོར་བཏང་ནས་ལམ་དུ་ཆས་པའི་ཡུལ་སྐོར་ལམ་ཐིག་3བཏོད་ཡོད་པ་སྟེ། དང་པོ་ནི་ཟི་ལིང་ནས་G227བརྒྱུད་དེ་བྱང་ཕྱོགས་སུ་མུན་ཡོན་དང་། མདོ་ལ། ཀྲང་ཡེ་བཅས་སུ་བསྐྱོད་པའི་དར་གོས་ལམ་བུའི་ཡུལ་སྐོར་ལམ་ཐིག་དང་། གཉིས་པ་ནི་G109བརྒྱུད་དེ་ནུབ་ཕྱོགས་སུ་རི་བོ་ཉི་ཟླ་ནས་མཚོ་སྔོན་པོ་དང་། དེ་ནས་ཚྭ་ཁ། དེ་ནས་ཡུལ་ཤུལ་ཐང་བོད་གནའ་ལམ་བཅས་སུ་སྐྱོད་པའི་ཡུལ་སྐོར་ལམ་ཐིག གསུམ་པ་ནི་S101དང་ཟི་ལིང་ནས་ཁྲི་ཀའི་བར་གྱི་མྱུར་བགྲོད་གཞུང་ལམ་བརྒྱུད་དེ་ལྷོ་ཕྱོགས་སུ་སྐུ་འབུམ་བྱམས་པ་གླིང་དང་རེབ་གོང་སྒྱུ་རྩལ་གྱི་ཕ་ཡུལ་ཐུན་རིན་དང་དེ་ནས་བོད་དུ་སྐྱོད་པའི་མཚོ་བོད་མྱོང་རོལ་ཡུལ་སྐོར་ལམ་ཐིག་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།