དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ།

  •     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-05-17

    མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་སྤྱི་ཁྱབ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར། བསྐལ་ལ་ཕུག་ལམ་དང་རྫམ་ཡར་ཀླུང་གཙང་པོའི་ཟམ་ཆེན་སོགས་ཚུད་པའི་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཉེ་ཆར་ཁྱོན་ཡོངས་ནས་སྐྲུན་འགོ་ཚུགས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་བར་གྱི་དུམ་བུ་དེ་2014ལོའི་ཟླ་12པར་ལས་འགོ་བཙུགས་ཤིང་། མཚོ་བོད་ལྕགས་ལམ་ལྷ་ས་བབས་ཚུགས་ནས་ལམ་བར་དུ་བོད་ཀྱི་གྲོང་ཁྱེར་གསུམ་དང་རྫོང་དགུ་བརྒྱུད་དགོས་པ་དང་། མ་ལམ་ཁྱོན་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་403ཟིན་པ་དང་། འཁོར་སྐྱོད་རིང་ཚད་ལ་སྤྱི་ལེ་435ཟིན་པ། ལམ་ཚད་ཧྲིལ་པོའི་ཐོག་གི་ཕུག་ལམ་དང་ཟམ་པའི་རིང་ཚད་ལ་སྤྱི་ལེ་300.9ཟིན་པ་དེས་ལམ་ཚད་ཧྲིལ་པོའི་རིང་ཚད་ཀྱི་74.64%ཟིན་ཡོད། འཆར་གཞི་བྱས་ན་བབས་ཚུགས་གསར་པ་34འཛུགས་རྒྱུ་ཡིན་པ་དང་། དུས་འགོར་བབས་ཚུགས་17སྒོ་དབྱེ་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ཉིང་ལྕགས་ལམ་གྱི་ལམ་ཚད་ཧྲིལ་པོར་ཡར་ཀླུང་གཙང་པོ་ཐེངས་16བརྒལ་དགོས་ཀྱི་ཡོད་ཅིང་། སྤྱི་ལེ་10ཡན་ཟིན་པའི་ཕུག་ལམ་རིང་པོ་བསྡོམས་6དང་སྤྱི་ལེ་5ཡན་ཟིན་པའི་ཕུག་ལམ་ཆེ་གྲས་15ཡོད་པ་རེད། ཚོད་འཛིན་ལས་དུས་ཀྱི་ལས་གྲྭའི་ནང་བསྐལ་ལ་ཕུག་ལམ་དང་། སྨན་གླིང་ཕུག་ལམ། རྫམ་ཡར་ཀླུང་གཙང་པོའི་ཟམ་ཆེན་སོགས་ཚུད་ཡོད་པ་རེད།

    “རང་བྱུང་ཁོར་ཡུག་དམིགས་བསལ་ཡིན་པར་བརྟེན་ལྷ་ཉིང་ལྕགས་ལམ་རྒྱུད་དུ་ལོ་གཅིག་ནང་ཨར་ལས་དུས་ཚོད་འཚམ་ཤོས་ཟླ་ལྔ་ནས་དྲུག་མ་གཏོགས་མེད། ང་ཚོས་ལས་འགོ་འཛུགས་དུས་ནས་ལྷུ་ཚིགས་ཚང་མ་ཚོད་འཛིན་རང་བཞིན་གྱི་མཚམས་ཚིགས་ལ་བརྩིས་ནས་དམ་འཛིན་བྱེད་ཀྱི་ཡོད”ཅེས་ལྷ་ཉིང་ལྕགས་ལམ་གྱི་ཨར་སྐྲུན་ཆེ་མོ་བ་ཝང་རུའེ་ཡིས་བཤད།

    “ས་མཐོའི་སྣོད་བཅུད་ཁོར་ཡུག་ཧ་ཅང་ཉམས་ཞན་ཡིན་པས་ཁོར་ཡུག་ལ་གནོད་འཚེ་ཕོག་སླ། ང་ཚོས་གོ་རིམ་ལྡན་པའི་ངང་ཨར་སྐྲུན་བྱེད་པ་དང་ཆབས་གཅིག་ཐོན་སྐྱེད་ཀྱི་གད་སྙིགས་དང་བཙོག་ཆུ་ཚན་རིག་དང་མཐུན་པའི་ངང་གཙང་སེལ་དང་དམིགས་ཚད་དང་མཐུན་པའི་ངང་བཤངས་འབུད་བྱེད་ཀྱི་ཡོད”ཅེས་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཅུས་བཅོ་ལྔ་པའི་ལྷ་ཉིང་ལྕགས་ལམ་ལས་གྲྭའི་བཀོད་འདོམས་པུའི་ཏང་ཀྲི་པུའི་ཧྲུའུ་ཅི་ལི་པིང་ཧུའེ་ཡིས་བཤད།

    བསྡོམས་རྩིས་ལ་གཞིགས་ན། ཟླ་གསུམ་པའི་ཟླ་མཇུག་བར་ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་ཕུག་ལམ་དང་གསལ་ཕུག་བསྡོམས་སྨི་28710.16ལེགས་གྲུབ་ཟིན་པ་དེས་འཆར་གཞིའི་13.35%ཟིན་པ་དང་། ཟམ་པ་ཧ་ཅང་ཆེ་བ་དང་། ཆེ་གྲས། འབྲིང་བ་བཅས་བསྡོམས་སྨི་15195.71ལེགས་གྲུབ་ཟིན་པ་དེས་འཆར་གཞིའི་17.85%ཟིན་པ། ཟམ་འོག་ལྕགས་ལམ་སྨི་1664.46ལེགས་གྲུབ་ཟིན་པ་དེས་འཆར་གཞིའི་16.59%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།