དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་ས་ནས་གཞིས་རྩེ་བར་གྱི་མེ་འཁོར་མང་དུ་བཏང་བས་བོད་དུ་ཡོང་མཁན་ཡུལ་སྐོར་བར་སྟབས་བདེ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-05-17

     ལྷ་ས་མེ་འཁོར་བབས་ཚུགས་ནས་ཤེས་རྟོགས་བྱུང་བར། ཚེས་15ཉིན་ནས་བཟུང་ལྷ་ས་ནས་གཞིས་རྩེ་བར་གྱི་མེ་འཁོར་Z8803དང་Z8804གཉིས་ཁ་སྣོན་བྱས་ནས་ཡུལ་སྐོར་བ་མང་བའི་དུས་སུ་ཡུལ་སྐོར་བ་གཞིས་རྩེར་བསྐྱོད་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་ནས་གཞིས་རྩེའི་ཕྱོགས་སུ་ཐོན་མཁན་གྱི་འགྲུལ་སྐྱེལ་མེ་འཁོར་Z8803ལྷ་ས་ནས་ཆུ་ཚོད་15དང་སྐར་མ་20ཐོན་རྒྱུ་དང་གཞིས་རྩེ་ནས་ལྷ་སའི་ཕྱོགས་སུ་བསྐྱོད་མཁན་འགྲུལ་སྐྱེལ་མེ་འཁོར་Z8804ཆུ་ཚོད་12དང་སྐར་མ་5ཡི་ཐོག་གཞིས་རྩེ་ནས་ཐོན་རྒྱུ་དང་ལམ་བར་ཆུ་ཚོད་གསུམ་ཙམ་འགོར་རྒྱུ་ཡིན་པ་རེད།

    ལོ་ལྟར་གྱི་ཟླ་5ཚེས་1ཉིན་ནས་ཟླ་10ཚེས་31ཉིན་བར་ནི་བོད་དུ་ཡུལ་སྐོར་བ་མང་བའི་དུས་ཚིགས་ཡིན་པ་དང་། གཞིས་རྩེ་གྲོང་ཁྱེར་བཀྲས་ལྷུན་དགོན་དང་ཇོ་མོ་གླང་མའི་སྒར་ས་ཆེ་མོ་སོགས་སུ་བསྐྱོད་མཁན་ཡུལ་སྐོར་བ་མང་དུ་འགྲོ་གི་ཡོད། 2010ལོར་བསྐྲུན་པའི་ལྷ་གཞིས་ལྕགས་ལམ་ནི་མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལྕགས་ལམ་དང་པོ་དེ་ཡིན་པ་དང་། མིག་སྔར་ལྷ་གཞིས་ལྕགས་ལམ་དེར་ཉིན་ལྟར་འགྲུལ་སྐྱེལ་མེ་འཁོར་Z8801དང་Z8802གཉིས་ལས་མེད་པར་བརྟེན་ཡུལ་སྐོར་བའི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།