དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “ང་ཚོས་སྒུག་རྟེན་སློང་གསུམ་བྱེད་མི་རུང”

  •     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-05-04

    F2016050310202292167308845.jpg

         ལོ་50ལ་སླེབས་པའི་ཚེ་གཡང་ནི་བོད་ལྗོངས་གཞིས་རྩེའི་གནས་སྤོས་ཡུལ་མི་གསར་པ་ཡིན་པ་དང་ས་ཡོམ་གྱི་གནས་སྐབས་བཀོད་སྒྲིག་ཁང་པའི་ནང་བསྡད་ཡོད། ཁོང་ཁྱིམ་གྱི་ཁང་པ་དང་ས་ཞིང་ནི་ནེ་པ་ལའི་ས་མཚམས་འགྲམ་གྲོང་རྡལ་འགྲམ་གྲོང་ཚོར་གནས་པ་དེ་གཞིས་རྩེ་ནས་རྒྱལ་ལམ་318བརྒྱུད་ལྷོ་ནུབ་ཕྱོགས་སུ་བསྐྱོད་དེ་ལ་བརྒལ་ཀླུང་བརྒྱབ་ངང་སྤྱི་ལེ་500ཙམ་བསྐྱོད་དགོས་ཀྱི་ཡོད། ན་ནིང་ནེ་པ་ལའི“4.25”ས་ཡོམ་ཆེན་པོའི་ཁྲོད་འགྲམ་གྲོང་རྡལ་ལ་གནོད་འཚེ་ཆེན་པོ་ཕོག་ནས་ཁྱོན་ཡོངས་གནས་སྤོ་མ་བྱེད་ཀ་མེད་བྱུང་ཡོད། ཚེ་གཡང་ཡང་གྲོང་རྡལ་ཡོངས་ཀྱི་དུད་ཚང་545ཡི་མང་ཚོགས་1851དང་མཉམ་དུ་ལྷ་རྩེར་གནས་སྤོས་པ་དང་ཟླ་10ཚེས་20ཉིན་གཞིས་རྩེ་གྲོང་ཁྱེར་ནང་གི་འགྲམ་ཁུལ་ཆུང་དུ་བཀོད་སྒྲིག་བྱས་ཤིང་། མི་མང་པོ་ཞིག་ཆ་རྒྱུས་མེད་པའི་གྲོང་ཁྱེར་དུ་སླེབས་ཡོད།

    ཟླ་11པར་ཚེ་གཡང་གིས་ཁྱིམ་འཛིན་མ་གཞན་དག་3དང་མཉམ་དུ་ཟ་ཁང་ཞིག་བཙུགས་པར་དེའི་མིང་ལ“འགྲམ་གྲོང་ཚོའི་བུད་མེད་མཉམ་འབྲེལ་གྱི་ན་མོ་སི་ཏེ་ཟ་ཁང”ཞེས་བཏགས་ཡོད།

    ཚེ་གཡང་གིས“རང་ཉིད་ནི་འགྲམ་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་ཡིན”“ན་མོ་སི་ཏེ་ཞེས་པ་ནེ་པ་ལའི་སྐད་ཡིན་པ་དང་བོད་སྐད་ལ་བཀྲ་ཤིས་བདེ་ལེགས་དང་རྒྱ་སྐད་ལ་སྐུ་ཁམས་བཟང་ཞེས་པའི་དོན་རེད། མིག་སྔར་གནས་སྤོས་ཡུལ་མི་གསར་པའི་ལས་ཞུགས་ཐག་གཅོད་བྱ་རྒྱུ་དེ་གནད་དོན་ཆེ་ཤོས་ཡིན་པས་ང་ཚོས་སྒུག་རྟེན་སློང་གསུམ་བྱས་ཏེ་སྡོད་མི་རུང”ཞེས་བཤད།

    F2016050310203271467308846.jpg

    ཚེ་གཡང་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་3རོགས་སྐྱོར་བྱས་པ་ལས་གཞི་ནས་ཟ་ཁང་འཛུགས་ཐུབ་པ་དང་དེ་གར་ཁང་གླ་དང་ཁྲལ་གྲོན་ཚང་མ་བསྡུ་མི་དགོས་པས་ཟ་ཁང་བཙུགས་པའི་ཟླ་དེ་རང་ལ་ཁེ་བཟང་རག་བྱུང་། ཟ་ཁང་གིས་ཟླ་བ་རེར་གྲོང་ཚོ་མཉམ་སྡེབ་ལ་སྒོར་2000སྤྲོད་དགོས་པ་དང་གཞན་ཡང་ད་དུང་དཀའ་ངལ་ཡོད་པའི་བུད་མེད་ལ་ཟླ་རེར་སྒོར་200ཞལ་འདེབས་འབུལ་གྱི་ཡོད་ཅེས་བཤད།

    ཟ་ཁང་དེ་འགྲམ་ཚོང་གྲོང་དུ་གནས་པ་དང་འཛད་སྤྱོད་པ་གཙོ་བོ་ནི་ཚོང་གྲོང་གི་ཚོང་དུད་དང་མགྲོན་པོ་ཡིན་ཞིང་། 2015ལོའི་ཟླ་6ཚེས་25ཉིན་ལས་འགོ་བཙུགས་པའི་ཚོང་གྲོང་ནི་སྲིད་གཞུང་གིས་མཐའ་མཚམས་ཚོང་དོན་གྱི་གྲོང་རྡལ་གཙོ་བོ་ཡིན་པའི་འགྲམ་གྲོང་རྡལ་གྱི་གནོད་འཚེ་ཕོག་པའི་ཚོང་དུད་ལ་ཐོན་སྐྱེད་རང་སྐྱོབ་ཀྱི་ཁྲིད་སྟོན་བྱ་ཆེད་བཙུགས་པ་ཞིག་ཡིན་པ་དང་ད་ལྟ་ཉིན་རེར་ཆ་སྙོམས་འཛད་སྤྱོད་པ་550ཙམ་སླེབས་པ་དང་གཟའ་མཇུག་ཏུ་མི་1000ལྷག་ཙམ་ཟིན་གྱི་ཡོད།

    F2016050310210212067308847.jpg

    ཚེ་གཡང་གིས“ང་ཚོ་མི་བཞིས་ཡོང་འབབ་བགོ་གི་ཡོད”མི་རེར་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་བཞི་སྟོང་ལྔ་སྟོང་ཙམ་ཡོང་གི་འདུག་ལ་ཡོང་འབབ་ཉུང་བའི་སྐབས་ཀྱང་སྒོར་2000ཟིན་གྱི་འདུག་ཅེས་བཤད།

    དྲིན་ཚོར་གྱི་བསམ་པ་ཡོད་ལ་དེ་བས་ལས་གཏོད་ཀྱི་ཧུར་སེམས་ཡོད་ཅིང་། ཟ་ཁང་བཙུགས་ནས་ཟླ་ཤས་སོང་རྗེས་ཚེ་གཡང་གིས་དེར་བློ་ཡིད་ཚིམས་ནས་མ་བསྡད་པར“ངས་གཞི་ཁྱོན་ཆེ་རུ་བཏང་ནས་གྲོང་ཁྱེར་ནང་དུ་ཡན་ལག་ཚོང་ཁང་འཛུགས་རྒྱུ་ཡིན” འགྲམ་ཁུལ་ཆུང་དུ་ལོ་40ལྷག་ཙམ་ལ་སླེབས་པའི་བུད་མེད་100ལྷག་ཙམ་ཡོད་པ་དེ་དག་ནི་ན་གཞོན་གཞན་དག་དང་མི་འདྲ་བར་ལས་ཀ་འཚོལ་སླ་པོ་མེད་ཅེས་ཚེ་གཡང་གིས་བཤད།

    ཚེ་གཡང་གིས“ནེ་པ་ལའི་ཁྱད་ལྡན་ཟ་ཁང་འཛུགས་རྒྱུ་དེ་མིག་སྔའི་གདམ་ག་ཡག་ཤོས་ཡིན་པས་ངས་ཁོང་ཚོ་ལས་གཏོད་བྱེད་པར་སྐུལ་སློང་བྱ་རྒྱུ་ཡིན། ཁྱིམ་འཛིན་མས་ཚལ་ཙག་ཙིག་རྔོ་བར་རྙོག་དྲ་ཆེ་བའི་གསོ་སྦྱོང་བྱེད་མི་དགོས་སྟབས་འགྲམ་གྲོང་ཚོ་ཁོ་ན་ནས་མི་བཅུ་གྲངས་ཁ་ཤས་ཡོང་འདོད་བྱེད་ཀྱི་འདུག”ཅེས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།

    འགྲམ་ཚོང་གྲོང་དེ་ཉིད་ནི་གྲོང་ཁྱེར་ལྟེ་གནས་དང་བར་ཐག་སྤྱི་ལེ་གསུམ་བཞི་ཙམ་ཡོད་པ་དང་ཚེ་གཡང་གིས“དེ་གར་གྲོང་ཁུལ་དང་བར་ཐག་ཧ་ཅང་རིང་སྟབས་ཡོང་མི་མང་པོ་མེད་མོད། འོན་ཀྱང་གྲོང་ཁུལ་དུ་ཚོང་ཁང་འཛུགས་པའི་བརྒྱུད་བཤུག་འགྲོ་གྲོན་དང་ཁང་གླ་ཧ་ཅང་མཐོ་པོ་ཡོད་རྐྱེན་ང་ཚོས་དངུལ་ཁང་ནས་དངུལ་བུན་གཡར་དགོས་ཀྱི་འདུག”ཅེས་བཤད།

    ཁོང་གིས་བརྟག་དཔྱད་བྱས་རྗེས་གྲོང་ཁྱེར་ནང་ནེ་པ་ལའི་ཟ་ཁང་5ཡོད་མོད། འོན་ཀྱང་ཟ་ཁང་འཛུགས་རིན་ཡོད་པ་ཤེས་པ་དང་ཚེ་གཡང་གིས་མིག་སྔའི་མཉམ་ལས་ལམ་ལུགས་དང་ཁྱིམ་འཛིན་མ་ཚོའི་ལས་གཏོད་བྱ་སྤྱོད་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ“ངས་སྒོར་ཁྲི་ཉི་ཤུ་སུམ་ཅུ་ཙམ་གཡར་རྩིས་ཡོད་པ་དེ་དག་ལོ་གཉིས་སོང་རྗེས་བུ་ལོན་འཕྲོད་ཐུབ་ངེས་རེད”ཅེས་བཤད།

    F2016050310210944267308848.jpg

    ཏང་ལོ་3ཟིན་པའི་ཚེ་གཡང་གིས“བུད་མེད་ཀྱི་དབུལ་སྒྲོལ་བྱ་སྤྱོད”སྐོར་གླེང་སྐབས་དགའ་སྣང་ཆེན་པོ་བྱེད་ཅིང་། “ངས་ལས་གཏོད་ཀྱི་སྣེ་ཁྲིད་བྱས་ཀྱང་མ་དངུལ་འདང་གི་མི་འདུག གལ་ཏེ་སྲིད་གཞུང་གིས་རང་ཉིད་ལ་ཁག་ཐེག་གནང་ནས་སྐྱེད་ཁ་ཆག་ཡང་དང་རྩ་ཆག་བཏང་ཚེ་ཡག་པོ་ཞེ་དྲག་ཡོང་བ་འདུག”ཅེས་གད་མོ་འཚེར་འཚེར་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།