དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་སླར་ཡང་མེ་འཁོར་སྤ་སེ་སྔོན་ཚོང་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-04-28

    ཉེ་ཆར་གསར་འགོད་པར་ལྷ་ས་མེ་འཁོར་བབས་ཚུགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4ཚེས་20ཉིན་ནས་བཟུང་། མེ་འཁོར་སྤ་སེ་སླར་ཡང་སྐར་ཁུང་དང་ཚབ་ཚོང་ས་ཚིགས་ནས་འཚོང་འགོ་ཚུགས་པ་དང་། སྔོན་ཚོང་ཉིན་58བྱེད་པ་དང་། དྲ་རྒྱ་དང་ཁ་པར་ཐོག་ནས་སྤ་སེ་མངགས་ཉོ་བྱེད་པའི་དུས་ཡུན་ཉིན་60ཡིན་པ་རེད། དེ་དང་ཆབས་ཅིག་ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་མེ་འཁོར་གྱི་འཁོར་སྐྱོད་ལམ་ཐིག་ལའང་འགྱུར་ལྡོག་ངེས་ཅན་ཞིག་ཕྱིན་པ་དང་། མིག་སྔར་རྒྱུན་ཆད་མེད་པར་ལེགས་སུ་དང་འཐུས་ཚང་དུ་གཏོང་བཞིན་ཡོད་པ་རེད། ལེགས་སྒྲིག་བྱས་རྗེས་ཀྱི་མེ་འཁོར་གྱི་འཁོར་སྐྱོད་ལམ་ཐིག་དེ་ཟླ་5པའི་ཟླ་དཀྱིལ་ནས་ལག་བསྟར་བྱེད་འགོ་འཛུགས་རྒྱུ་ཡིན་པ་རེད།

    གཞན་ཡང་12306སྤ་སེ་མངགས་ཉོའི་གཞུང་ཕྱོགས་དྲ་བའི་ཐོག“ལྔ་གཅིག”རིང་ལྷ་ས་ནས་གཞིས་རྩེའི་བར་གྱི་མེ་འཁོར་སྤ་སེ་བཙོངས་ཟིན་པ་དང་། ལན་ཀྲོའུ་རུ་སྐྱོད་པའི་ཉལ་ཁྲི་འབོལ་མའི་སྤ་སེ་བཙོངས་ཟིན་པ། ཟི་ལིང་དུ་སྐྱོད་པའི་སྤ་སེ་ཧ་ཅང་དཀོན་པ་བཅས་འདྲི་རྩད་བྱེད་ཐུབ། སྔོན་དཔག་བྱས་ན“ལྔ་གཅིག”རིང་ལམ་ཐག་ཐུང་བའི་ཡུལ་སྐོར་བྱ་ཡུལ་གྱི་སྤ་སེ་དཀོན་པོ་ཡོད་པའི་གནས་ཚུལ་ཐོན་རྒྱུ་ཡིན་མོད། འོན་ཀྱང་ཧྲང་ཧའེ་དང་ཁྲེང་ཏུའུ་སོགས་སུ་སྐྱོད་པའི་མེ་འཁོར་སྤ་སེ་འདང་ངེས་ཡོད་པ་རེད།

    གནས་ཚུལ་དེར་དམིགས་ནས་མེ་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣས་དྲན་སྐུལ་བྱས་དོན། ཡུལ་སྐོར་བ་མང་བའི་དུས་སུ་སླེབས་པ་དང་ཆབས་ཅིག་ངལ་གསོའི་རིང་ཕྱིར་སྐྱོད་མཁན་གྱིས་སྔོན་ལ་སྤ་སེ་མངགས་ཉོ་བྱེད་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་ལྷ་ས་ནས་ས་གནས་ཁག་ཏུ་སྐྱོད་པའི་མེ་འཁོར་གྱི་སྤ་སེ་ལྷག་མ་དང་སྤ་སེ་ཕྱིར་སློག་གི་གནས་ཚུལ་ལ་དོ་ཁུར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།