དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཧི་མ་ལ་ཡའི་འགྲུལ་སྐྱེལ་གནམ་གྲུ་ཚེས་12ཉིན་ཐེངས་དང་པོ་འཕུར་བ།

  •     སྤེལ་དུས།  2016-04-14

    མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་མཁའ་འགྲུལ་ཀྲུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་དང་ནེ་པ་ལའི་མི་རྒོད་གོ་ལ་ཧྲིལ་པོའི་མ་འཇོག་ཀུང་སི་གཉིས་ཀྱིས་མཉམ་དུ་མ་འཇོག་བྱས་ནས་བསྐྲུན་པའི་ཧི་མ་ལ་ཡའི་མཁའ་འགྲུལ་ཚད་ཡོད་ཀུང་སིས་ཚེས་12ཉིན་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་ནས་ཁུ་ལུན་ཕོར་གནམ་གྲུ་འཕུར་ཐེངས་དང་པོ་འཕུར་རྒྱུ་ལེཌ་གྲུབ་བྱུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སི་ནི་ཀྲུང་གོ་མཁའ་འགྲུལ་ཁེ་ལས་ཀྱིས་ནེ་པ་ལར་མ་འཇོག་བྱས་པའི་མཁའ་འགྲུལ་སྐྱེལ་འདྲེན་ཁེ་ལས་དང་པོ་དེ་ཡིན་པ་དང་། ཁེ་ལས་དེའི་མཁའ་འགྲུལ་རྟེན་གཞི་དེ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་ཡི་ཐུ་ལེ་ཕུའུ་དབན་རྒྱལ་སྤྱིའི་གནམ་ཐང་དུ་བཙུགས་ཡོད་པ་དང་ཨེ་ཤེ་ཡ་ལྷོ་མ་དང་། ཀྲུང་གོ དབུས་ཤར་ས་ཁུལ་སོགས་ཀྱི་རྒྱལ་ཁབ་སོགས་ཀྱི་རྒྱལ་སྤྱིའི་མཁའ་ལམ་ཐོག་གཙོ་བོར་འཕུར་སྐྱོད་བྱེད་ཀྱི་ཡོད་པ་རེད།

    འཆར་གཞི་ལྟར་ན། ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སིས་མ་འོངས་ལོ་ལྔའི་ནང་ཨེ་ཤེ་ཡ་ཤར་ལྷོ་དང་། ཨེ་ཤེ་ཡ་ལྷོ་མ། ཡོ་རོབ་བཅས་ཀྱིས་ཀ་ཏ་མན་རྡུ་བརྒྱུད་ནས་ལྷ་སར་སྐྱོད་པའི་མཁའ་ལམ་བཏོད་ནས་བོད་དུ་ཡོང་བ་དང་བོད་ནས་སྐྱོད་པའི་རྒྱལ་སྤྱིའི་བགྲོད་ལམ་ཞིག་བཏོད་ནས་བོད་དང་ས་ཁུལ་དེ་དག་དབར་རྒྱལ་སྤྱིའི་ཚོང་དོན་འགྲོ་འོང་དང་མི་སྣའི་སྤེལ་རེས་ཐད་སྟབས་བདེ་བསྐྲུན་ཐོག་བོད་ཀྱི“འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ”སྐྲུན་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད།

    བོད་ལྗོངས་མཁའ་འགྲུལ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་པའོ་འུའེ་སན་གྱིས་ཚོང་འགྲུལ་བྱེད་ན་ངེས་པར་དུ་སྔོན་ལ་གཞུང་ལམ་དང་མཁའ་ལམ་ཤར་གཏོང་ཐུབ་དགོས་པས་ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སིས་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲིམ་འགྲུལ་སྦྲེལ་མཐུད་ཀྱི་མཁའ་ཐོག་སྐྱེལ་འདྲེན་དྲ་བ་སྐྲུན་ཕྱིར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།