དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་སུ་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ།

  • ཡོང་ཁུངས།  ཀྲུངགོའི་བོད་སྐད་རླུང་འཕྲིན་ལས་ཁུངས།   |     སྤེལ་དུས།  2016-04-05

    གནམ་གཤིས་དྲོ་རུ་འགྲོ་བ་དང་བསྟུན། བོད་ལྗོངས་ཡུལ་སྐོར་ཁྲོམ་རྭ་རིམ་བཞིན་འཁྲུག་ཏུ་སོང་བ་དང་། ཕོ་བྲང་པོ་ཏ་ལ་དང་། བར་སྐོར། གཙུག་ལག་ཁང་སོགས་ཡུལ་སྐོར་མཛེས་ལྗོངས་སུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཇེ་མང་དུ་སོང་ཡོད་པ་རེད།

    མིག་སྔར། གཙུག་ལག་ཁང་དུ་ཡུལ་སྐོར་བ་མང་པོ་ཡོད་ཅིང་། བར་སྐོར་ནང་མི་ཚོགས་ཀྱིས་ཁེངས་པ་དང་། སྣེ་མང་ཕུན་སུམ་ཚོགས་པའི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱིས་འཛམ་གླིང་ས་ཕྱོགས་ཁག་གི་ཡུལ་སྐོར་བའི་ཡིད་དབང་འཕྲོག་བཞིན་ཡོད། ཕོ་བྲང་པོ་ཏ་ལའི་གཤམ་འོག་གི་ཡུལ་སྐོར་སྣེ་ལེན་ཁང་ལ་གྲོས་འདྲི་བྱེད་མཁན་ཡུལ་སྐོར་བ་མི་ཉུང་བ་ཡོད་པ་རེད།

    ཡུལ་སྐོར་བ་ཡིད་འགུག་བྱེད་ཆེད། བོད་ལྗོངས་ཀྱི་ཡུལ་སྐོར་སྣེ་ལེན་ཁང་ཆེ་ཁག་གིས་གཅིག་རྗེས་གཉིས་མཐུད་དུ་ཉིང་ཁྲིའི་ཁམ་བུའི་མེ་ཏོག་མྱོང་རོལ་དང་། གཞིས་རྩེའི་ཇོ་མོ་གླང་མའི་མཛེས་ལྗོངས་ལ་བལྟ་བ་སོགས་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་འོས་སྦྱོར་བྱེད་པ་དང་། ཡུལ་སྐོར་བས་མཚོ་མཚེའུ་དང་རི་བོ་བསྐོར་ཐུབ་པ་མ་ཟད་ད་དུང་ས་གནས་དེ་གའི་ཡུལ་མིའི་འཚོ་བ་དང་། ཁྱད་ལྡན་བོད་ཟས་མྱོང་རོལ་ཆོག་གི་ཡོད་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཡུལ་སྐོར་བ་མང་བའི་དུས་ཚིགས་ལ་བསུ་བ་ཞུ་ཆེད། བོད་ལྗོངས་ཡུལ་སྐོར་ཚན་པས་གཅིག་བསྡུས་ཐོག་ཡུལ་སྐོར་ཚོགས་པའི་གྲོན་དངུལ་གང་བྱུང་ལེན་པ་དང་། ཡུལ་སྐོར་བར་མགོ་སྐོར་བསླུ་བྲིད་བྱེད་པ། བརྡ་ཁྱབ་རྫུན་མ་གཏོང་བ། བཙན་ཤེད་ཀྱིས་ཉོ་ཚོང་བྱེད་འཇུག་པ་སོགས་ཡུལ་སྐོར་ཁྲོམ་རྭའི་སྒྲིག་ལམ་ཟང་ཟིང་བཟོ་བའི་གནད་དོན་བཅོས་སྒྲིག་བྱ་རྒྱུ་དང་། དུས་མཚུངས་སུ་ཁྲིམས་འཛིན་སྟོབས་ཤུགས་མཛེས་ལྗོངས་ཁུལ་དང་གལ་ཆེའི་ཡུལ་སྐོར་ལམ་ཐིག་ཐོག་གཏོང་བ་དང་། ཡུལ་སྐོར་གྱི་ཁྲིམས་འཛིན་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ཞིབ་བཤེར་བྱེད་པ། ས་གནས་འགེབས་སྲུང་གཏན་འགོག་བྱེད་པ། ཁྱོན་ཡོངས་ནས་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བཅས་བྱས་ཏེ། ཡུལ་སྐོར་བའི་བློ་ཡིད་ཚིམས་ཚད་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།