སྤྱི་ལོ ༢༠༡༦ ལོའི་དམངས་སྤྱོད་མཁའ་འགྲུལ་གྱི་དབྱར་ཁ་དང་སྟོན་ཁའི་དུས་ཚིགས་བརྗེ་བའི་ལས་དོན་ད་ལོའི་སྤྱི་ཟླ ༣ པའི་ཚེས ༢༧ ཉིན་ནས་བཟུང་དངོས་སུ་སྤེལ་འགོ་ཚུགས་པ་དང་། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སིས་མཁའ་ལམ་ལ་ཁྱོན་ཡོངས་ནས་ལེགས་སྒྱུར་བྱས་ཏེ་ལྷ་ས་ནས་མཱན་ཡང་བརྒྱུད་དེ་ནན་ཅིང་བར་དང་། ལྷ་ས་ནས་ཟླ་ཀྲའུ་བརྒྱུད་དེ་ཧང་ཀྲའུ་བར། ལྷ་ས་ནས་ཁུན་མིང་བརྒྱུད་དེ་ཧྲེན་ཀྲེན་བར། ལྷ་ས་ནས་ཁྲང་ཧྲ་བརྒྱུད་དེ་ཆིང་ཏའོ་བར། ལྷ་ས་ནས་ཟི་ལིང་བརྒྱུད་དེ་པེ་ཅིང་བར། ལྷ་ས་ནས་ཁྲུང་ཆིང་བརྒྱུད་དེ་ཤའ་མན་བར་བཅས་ཀྱི་མཁའ་ལམ་གསར་པ་དྲུག་གཏོད་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སིས་ཐེངས་དེའི་དུས་ཚིགས་བརྗེ་བའི་ལས་དོན་ནང་། གཙོ་བོ་དྲ་བའི་ཁྱབ་ཚུལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་མཚོ་རྒྱུད་གྲོང་ཁྱེར་གྱི་དུས་གཏན་གནམ་གྲུ་མང་དུ་གཏོང་རྒྱུ་གཙོ་བོར་བཞག་ཡོད་པ་རེད།