དཔྱིད་ཟླ་གསུམ་པར“མི་ཡུལ་གྱི་ས་གཙང”དང“མཛེས་སྡུག་ལྡན་པའི”ཉིང་ཁྲིར་རྣམ་པ་གསར་རྐྱང་ཞིག་མངོན་ཞིང་། ཟླ་3ཚེས་23ཉིན་2016ལོའི་ཉིང་ཁྲིའི་སྐབས་བཅུ་བཞི་པའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་དེ་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་གཟབ་རྒྱས་ངང་འགོ་ཚུགས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་ཐོགས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་འགོ་ཚུགས་མཛད་སྒོར་ཕེབས་ཡོད་པ་རེད།
སྐབས་བཅུ་བཞི་པའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“མི་ཡུལ་གྱི་ས་གཙང་། ‘མཛེས་སྡུག་ལྡན་པའི’ཉིང་ཁྲི”ཞེས་པ་དེ་ཡིན་པ་དང་། དུས་ཆེན་ཐོག་ཁུམ་བུའི་མེ་ཏོག་གི་འབྱུང་ཁུངས་མངོན་པར་བྱེད་རྒྱུ་དང་། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་དམིགས་ཡུལ་དུ་བྱེད་པ་དང་། ཁམ་བུའི་མེ་ཏོག་གི་འབྱུང་ཁུངས་ལ་བརྟེན་ནས་ལུས་ཁམས་གསོ་བ་དང་། ཁམ་བུའི་མེ་ཏོག་གི་ཞིམ་ཟས་ཀྱི་དྲོ་བ་མྱོང་བ། ཁམ་བུའི་མེ་ཏོག་གི་འབྱུང་ཁུངས་ལ་བརྩེ་སེམས་འཆང་བ། ཁམ་བུའི་མེ་ཏོག་འབྱུང་ཁུངས་ཀྱི་གསང་བ་འཚོལ་བ་ལ་སོགས་པའི་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་གཞི་རྟེན་དུ་བྱེད་པ། ཡུལ་སྲོལ་གོམས་གཤིས་མང་པོ་དང་རྣམ་པ་སྣ་ཚོགས་པའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་པ་བཅས་ཀྱི་ཐོག་ནས་ལྗོངས་ཕྱི་ནང་གི་ཡུལ་སྐོར་བར་མཛེས་སྡུག་དང་། བདེ་སྐྱིད། ཞི་མཐུན་བཅས་ལྡན་པའི་ཉིང་ཁྲི་མངོན་པར་བྱ་རྒྱུ་རེད།
སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་འཆར་འགོད་ཞིབ་ཚགས་བྱས་པའི་ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་གྱི་གཟུགས་བརྙན་ཕོ་ཉ་དང་སྐབས་གཉིས་པའི“ཁམ་་་ག་་་”གདམ་གསེས་འགྲན་བསྡུར་གྱི་ཨང་དང་པོ་དང་། གཉིས་པ། གསུམ་པ། དེ་བཞིན་ཕུལ་བྱུང་དང་། དེའི་ནང་ཚུད་པའི་བདམས་ཐོན་པ་བཅས་འགོ་ཚུགས་མཛད་སྒོའི་ཐོག་མངོན་པ་དང་། ཉིང་ཁྲིའི་ཡུལ་སྐོར་གྱི་གཟུགས་བརྙན་ཕོ་ཉ་ཡིན་པའི་ཁོང་ཚོས་ཉིང་ཁྲིའི་ལྟ་ན་སྡུག་པའི་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་དམངས་སྲོལ་གོམས་འདྲིས་དྲིལ་བསྒྲགས་བྱས་ནས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྤུས་རྟགས་ཀྱི་རིམ་པ་མཐོ་རུ་གཏོང་རྒྱུ་རེད།
ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་གཞན་དག་6ཏུ་ཡན་ལག་ཚོགས་ར་བཙུགས་ཤིང་། ཡན་ལག་ཚོགས་ར་6པོ་དེ་དག་གིས་མེ་ཏོག་བཞད་ཡུན་མི་འདྲ་བར་གཞིགས་ནས། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་རོལ་རྩེད་བྱེད་སྒོ་དང་དྲོ་བ་ཞིམ་ལ་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་བོད་ཟས་དང་། “ཁམ་བུའི་མེ་ཏོག་གི་རིམ་སྟར”ཞིམ་ཟས་ལ་དྲོ་བ་མྱོང་པ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།