དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་མཚམས་ཀྱི་ཨར་ལས་འཛུགས་སྐྲུན་བདེ་བླག་ངང་སྤེལ་བཞིན་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-03-22

    F2016032214161700867305289.jpg

    མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི"ལོ་ལྔ་ཚན་བཅུ་གསུམ་པའི"འཆར་འགོད་རྩ་གནད་ཀྱི་ནང་དུ་ཁྲོན་བོད་ལྕགས་ལམ་དེ་ཉིད་རྒྱལ་ཁབ་ཀྱི་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ཀྱི་གཙོ་གནད་ལས་གཞིའི་ནང་དུ་བཅུག་ཡོད་པ་རེད། ལྕགས་ལམ་འདིའི་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་ནི་2014ལོའི་ཟླ་12ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད། འཛུགས་སྐྲུན་བྱེད་འགོ་བརྩམས་པ་ནས་བཟུང་ཨར་ལས་བྱེད་མཁན་ཚོས་ས་གཤིས་རྙོག་འཛིང་ཆེ་བ་དང་ས་བབ་མཐོ་ཞིང་གྲང་ལ་དབྱང་རླུང་མི་འདང་བའི་དཀའ་ཁག་དག་ཁྱད་བསད་བྱས་ནས་ནུས་ཤུགས་ཡོད་དགུས་ལམ་མཚམས་དེའི་ལྕགས་ལམ་འཛུགས་སྐྲུན་བྱས་པ་རེད། མིག་སྔར་དཔྱིད་ཀ་ཤར་བ་དང་ཆབས་ཅིག་གནམ་གཤིས་གྲང་བ་སོགས་ཀྱི་གནས་ཚུལ་ཇེ་ལེགས་སུ་ཕྱིན་ཡོད་པས་ལམ་མཚམས་དེའི་ནང་གི་ཨར་ལས་འཛུགས་སྐྲུན་བདེ་བླག་ངང་སྤེལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།