དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཁྲོན་བོད་ལྕགས་ལམ་སྐྲུན་རྒྱུ་དེ་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཁོངས་སུ་བཅུག་པ།

  • ཡོང་ཁུངས།  བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-03-21

    རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་རྩ་གནད་ནང་།  ཁྲོན་བོད་ལྕགས་ལམ་སྐྲུན་རྒྱུ་དེ་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཁོངས་སུ་བཅུག་ཡོད་པ་དེའི་ཐོག་ནས།  ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་རྒྱུ་དེ་ཉིན་རེའི་ལས་རིམ་ནང་བཅུག་ཟིན་པ་མཚོན་གྱི་ཡོད་པ་དང་།  ཁྲོན་བོད་ལྕགས་ལམ་སྐྲུན་ཟིན་རྗེས་ཁྲེན་ཏུའུ་ནས་ལྷ་ས་བར་གྱི་ལམ་ཐག་ཐུང་དུ་ངེས་ཅན་འགྲོ་རྒྱུ་རེད།

    ཁྲོན་བོད་ལྕགས་ལམ་དེ་ནི་མཚོ་བོད་ལྕགས་ལམ་སྐྲུན་རྗེས་ཀྱི་བོད་སྐྱོད་མཁའ་ལམ་ཨང་གཉིས་པར་གྱུར་རྒྱུ་ཡིན་པ་དང་།  ཟི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་ནས་འགོ་བཙུགས་ཏེ་གཡག་རྔ་དང་དཀར་མཛེས།  ཆབ་མདོ།  ཉིང་ཁྲི་སོགས་བརྒྱུད་མཐར་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སར་འབྱོར་རྒྱུ་དང་ལམ་ཐིག་ཧྲིལ་པོའི་རིང་ཚད་སྤྱི་ལེ ༡༩༠༠ ཙམ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༤ ལོའི་ཟླ་བ ༡༢ པར་ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་བུ་དངོས་སུ་སྐྲུན་འགོ་ཚུགས་པ་མ་ཟད།  ཁྲོན་བོད་ལྕགས་ལམ་གྱི་ཁྲེན་ཏུའུ་ནས་གཡག་རྔ་བར་གྱི་དུམ་བུ་ཡང་ཁྱོན་ཡོངས་ནས་སྐྲུན་འགོ་ཚུགས་ཡོད།  དེང་སྐབས།  ལྕགས་ལམ་བཟོ་པ་ཚོས་ས་གཤིས་རྙོག་འཛིང་ཆེ་བ་དང་གནམ་གཤིས་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས།  ནུས་ཤུགས་ཡོད་རྒུས་ལྕགས་ལམ་དུམ་བུ་དེ་གཉིས་འཛུགས་སྐྲུན་བྱེད་བཞིན་ཡོད་པས་ལས་ཀའི་འཕེལ་རིམ་བདེ་བླག་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན།  ད་ལྟ་མེ་འཁོར་ལ་བསྡད་ན་ཁྲེན་ཏུའུ་ནས་ལྷ་ས་བར་ཆུ་ཚོད ༤༨ ཡས་མས་འགོར་གྱི་ཡོད་པ་དང་།  ཁྲོན་བོད་ལྕགས་ལམ་སྐྲུན་ཟིན་རྗེས་ས་ཆ་དེ་གཉིས་བར་ཆུ་ཚོད ༡༣ ལས་འགོར་བཟོ་མེད་པ་རེད།།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།