དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་ས་ནས་མལ་གྲོ་གུང་དཀར་བར་ལྕགས་ལམ་འདིང་རྩིས་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-03-17

    ཉེ་དུས། གསར་འགོད་པར་ལྷ་ས་གྲོང་ཁྱེར་གྱི་འཕེལ་སྒྱུར་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་ནས་མལ་གྲོ་གུང་དཀར་བར་གྱི་ལྕགས་ལམ་འདི་ལོའི་ལོ་མཇུག་ཏུ་ལས་འགོ་འཛུགས་རེ་ཡོད་པ་དང་དེར་མ་དངུལ་སྒོར་དུང་ཕྱུར་55གཏོང་རྩིས་ཡོད་པ་རེད།  

    ལྷ་ས་ནས་མལ་གྲོ་གུང་དཀར་བར་གྱི་ལྕགས་ལམ་དེ་ལྷ་སའི་བབས་ཚུགས་ལྷོ་མ་ནས་འགོ་འཛུགས་རྒྱུ་དང་ལམ་བར་དུ་སྟག་རྩེ་བརྒྱུད་མལ་གྲོ་གུང་དཀར་རྫོང་ལ་སླེབས་ཀྱི་ཡོད། ལམ་ཐིག་དེ་ལྷ་ས་སྐྱིད་ཆུའི་ལྷོ་ངོས་ནས་འདིང་རྒྱུ་རེད། ལམ་བར་དུ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དང་། ཁྲེང་ཀོན་ཆུས། སྟག་རྩེ་རྫོང་། མལ་གྲོ་གུང་དཀར་རྫོང་བཅས་བརྒྱུད་ཀྱི་ཡོད། ལམ་ཐག་ཧྲིལ་པོར་སྤྱི་ལེ་77.1ཡོད་ཅིང་། བབས་ཚུགས་4གསར་འཛུགས་བྱ་རྒྱུའི་ཁྲོད་དང་ཐོག་བབས་ཚུགས་2འཛུགས་རྩིས་ཡོད་པ་རེད། ལྕགས་ལམ་བསྐྲུན་ཟིན་རྗེས་ལམ་རྒྱུད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ལེགས་སུ་ཕྱིན་ནས་ས་ཁུལ་འགྲིམ་འགྲུལ་མ་ལག་གི་སྐྱེལ་འདྲེན་སྤུས་ཚད་དང་སྐྱེལ་འདྲེན་འགན་ལེན་བྱ་ཤུགས་ཆེ་རུ་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།