དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཁྲོན་བོད་ལྕགས་ལམ་སྐྲུན་ཟིན་རྗེས་ཆུ་ཚོད༡༣ནང་ཁྲེན་ཏུར་སླེབས་ཐུབ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2016-03-09

    གསར་དུ་ཡོངས་བསྒྲགས་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་གཞི་བཅུ་གསུམ་གྱི་རྩ་གནད་འཆར་ཟིན་ཞེས་པར་གཞིགས་ན།  ཁྲོན་བོད་ལྕགས་ལམ་དེ་ལོ་ལྔ་ཚན་བཅུ་གསུམ་པའི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་གཙོ་གནད་ལས་གྲྭའི་ནང་བཅུག་ཡོད་པ་དང་།  གཙོ་གནད་ཐོག་སྐུལ་སྤེལ་གཏོང་བའི་མཐའ་ཁུལ་ལྕགས་ལམ་ཁྲོད་གལ་ཆེའི་ལྕགས་ལམ་གྱི་ལམ་ཐིག་ཤིག་ཏུ་གྱུར་ཡོད།  

    གསར་འགོད་པས་བཅར་འདྲི་བྱས་པ་བརྒྱུད་ཀྲུང་གོ་ལྕགས་ལམ་འཆར་འགོད་ཁང་གཉིས་པའི་འགོ་འཛིན། ཁྲོན་བོད་ལྕགས་ལམ་རྩད་ཞིབ་འཆར་འགོད་ལས་དོན་གྱི་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ་ལིང་ཧྲེ་ཅིང་གིས་ཁྲོན་བོད་གཞུང་ལམ་གྱི་ཞིབ་ཕྲའི་གནས་ཚུལ་ཐད་གསར་འགོད་པའི་དྲི་བར་ལན་འདེབས་གནང་བ་དང་།  ཁོང་གིས་ཁྲོན་བོད་ལྕགས་ལམ་སྐྲུན་ཟིན་རྗེས་ས་ཁུལ་གཉིས་ཀྱི་ལམ་ཐག་ཉེ་རུ་ཕྱིན་ཏེ་ཁྲེན་ཏུའུ་ནས་ལྷ་ས་བར་ཆུ་ཚོད ༡༣ ཙམ་ལས་འགོར་གྱི་མེད།  ཁྲོན་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་རྒྱུ་དང་།  ཟི་ཁྲོན་དཀར་མཛེས་ཁུལ་དང་།  བོད་ལྗོངས་ཀྱི་ཆབ་མདོ་དང་ཉིང་ཁྲི།  ལྷོ་ཁ་སོགས་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ཞན་པའི་ས་ཁུལ་དེ་དག་ལ་ཕན་པ་གང་ལེགས་ཐོབ་རྒྱུ་རེད་ཅེས་བཤད།

    ཤེས་རྟོགས་བྱས་པར་གཞིགས་ན།  ཁྲོན་བོད་ལྕགས་ལམ་དེ་ཟི་ཁྲོན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཁྲེན་ཏུའུ་ནས་ལམ་བར་དུ་གཡག་རྔ་དང་།  དཀར་མཛེས།  ཆབ་མདོ།  ཉིང་ཁྲི།  ལྷོ་ཁ་སོགས་ཀྱི་ས་ཁུལ་བརྒྱུད་བོད་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སར་སླེབས་ཀྱི་ཡོད་པ་དང་ལམ་ཚད་སྤྱི་ལེ ༡༨༠༠ ཙམ་ཡོད་པ་རེད།།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།