དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་སྐྱོད་གཞུང་ལམ་མང་པོར་གངས་འཁྱག་གི་གནོད་འཚེ་ཐོན་མང་བའི་དུས་སུ་སླེབས་པ།

  •     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-03-04

    མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཁྲོན་བོད་གཞུང་ལམ་སོགས་བོད་སྐྱོད་གཞུང་ལམ་རྒྱུད་དུ་གངས་བསྟུད་མར་བབས་པར་བརྟེན། རི་མཐོའི་ལམ་རྒྱུད་ཁག་གཅིག་ཏུ་གངས་གསོག་ཐེབས་ནས་རི་ཉིལ་བ་དང་འཁོར་རིགས་འདྲེད་བདར་ཤོར་བ་སོགས་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐོན་བཟོ་ཡོད་པས། བོད་ལྗོངས་འགྲིམ་འགྲུལ་སྡེ་ཚན་གྱིས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཁ་ལོ་བ་དང་སྒེར་འཁོར་བཏང་ནས་བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཚོས་གནམ་གཤིས་ཆ་འཕྲིན་ལ་དོ་སྣང་བྱས་ཏེ། སྔ་སྣུར་དུ་གངས་འཁྱག་འགོག་པའི་གྲ་སྒྲིག་ལེགས་པོ་བྱས་ཏེ་འགྲོ་སྐྱོད་བདེ་འཇགས་ཡོང་བ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    ལོ་ལྟར་དགུན་དཔྱིད་གཉིས་སུ་ཁྲོན་བོད་གཞུང་ལམ་རྒྱུད་ཀྱི་རི་བོ་གངས་ཀྱིས་བཀླུབས་པ་དང་གཞུང་ལམ་སྟེང་འཁྱག་པ་ཐེབས་ཀྱི་ཡོད། ཟླ་གཉིས་པའི་ཟླ་དཀྱིལ་ནས་བཟུང་རྒྱལ་ལམ་318གྱི་དཔའ་ཤོད་ལམ་དུམ་དང་། མལ་གྲོ་གུང་དཀར་ལམ་དུམ། ཀོང་པོ་རྒྱ་མདའ་ནས་མཛོ་སྒང་བར་གྱི་ལམ་དུམ། ཉིང་ཁྲི་ནས་སྤོ་བོ་བར་གྱི་ལམ་དུམ་བཅས་དང་། རྒྱལ་ལམ་317གྱི་སྟེང་ཆེན་ལམ་དུམ་དང་། ཆབ་མདོ་ལམ་དུམ། འཇོ་མདའ་ནས་རི་བོ་ཆེ་ལམ་དུམ་བཅས་བར་དང་དེ་བཞིན་རྒྱལ་ལམ་214དཔའ་ཤོད་དང་ཆབ་མདོའི་སྨར་ཁམས་བཅས་བར་གྱི་ལམ་དུམ་དུ་གངས་གསོག་དང་འཁྱག་པ་ཐེབས་པའི་གནས་ཚུལ་ཐོན་ནས་འགྲིམ་འགྲུལ་གྱི་དོན་རྐྱེན་ཐོན་ཚད་མང་དུ་འགྲོ་གི་ཡོད།

    གནམ་གཤིས་ཞན་པའི་གནས་ཚུལ་འོག་འགྲིམ་འགྲུལ་ལས་འཛོལ་མི་ཐོན་པ་བྱ་ཆེད། “བོད་བརྒྱུད་ས་ཚིགས”ཏེ་ཆབ་མདོ་གྲོང་ཁྱེར་གྱི་སྡེ་ཚན་མང་པོས་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ནས། གངས་གསོག་ཐེབས་པའི་ལམ་རྒྱུད་གཞུང་ལམ་བདག་སྐྱོང་ལས་བཟོས་འཁྱག་གཏོར་གངས་འཕྱག་བྱེད་ཤུགས་ཆེ་རུ་བཏང་བ་དང་། འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཉིན་གང་འགྲིམ་འགྲུལ་བདེ་འཇགས་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཁ་ལོ་བར་བདེ་འཇགས་ཐད་ཡིད་གཟབ་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་དང་འབྲེལ་བགྲོད་ལམ་བཤངས་ཡོད།

    བོད་ལྗོངས་འགྲིམ་འགྲུལ་སྡེ་ཚན་གྱིས་ཁྲོན་བོད་གཞུང་ལམ་བརྒྱུད་ནས་བོད་དུ་ཡུལ་སྐོར་བྱེད་མཁན་གྱིས་ཉེན་ཁའི་ལམ་དུམ་བརྒྱུད་སྐབས། གངས་བབས་པའི་ཉིན་མོ་དང་མཚན་མོར་རླངས་འཁོར་གཏོང་སྐབས་ཡིད་གཟབ་བྱེད་པ་དང་རླངས་འཁོར་གཏོང་སྐབས་བདེ་འཇགས་ཉེན་བརྡའི་བྱང་བུར་དོ་སྣང་བྱེད་དགོས་པ་མ་ཟད། གལ་ཏེ་རྡོ་གཟར་ཉེན་ཆེ་བའི་ལམ་དུམ་བརྒྱུད་སྐབས་རླངས་འཁོར་མགྱོགས་མྱུར་གཏོང་བ་ལས་ཁ་བཀག་རྒྱུ་མེད་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།