དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་གེགས་མེད་ཡུལ་སྐོར་ཁུལ་འཛུགས་མགྱོགས་སུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-02-02

    གསར་འགོད་པས་བོད་ཀྱི“ཚོགས་འདུ་གཉིས”ཀྱི་ཐོག་ནས་ཤེས་རྟོགས་བྱས་པར། བོད་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་འགྲིམ་འགྲུལ་སོགས་ཀྱི་འཇུར་མིག་གནད་དོན་ཐག་གཅོད་མགྱོགས་པོ་བྱས་ནས་གེགས་མེད་ཡུལ་སྐོར་ཁུལ་འཛུགས་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད།

    བོད་ལྗོངས་ཡུལ་སྐོར་སྡེ་ཚན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་ཡུལ་སྐོར་དང་། འགྲིམ་འགྲུལ། སྤྱི་བདེ་སོགས་སྡེ་ཚན་གྱིས་མཐུན་སྦྱོར་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མ་དངུལ་གྱི་རྒྱུན་དང་། ཆ་འཕྲིན་གྱི་རྒྱུན། ཡུལ་སྐོར་བའི་རྒྱུན་སོགས་ཡུལ་སྐོར་གྱི་གནད་ཆེའི་གྲུབ་རྒྱུ་ཐོགས་མེད་བདེ་བགྲོད་ཐུབ་པར་བྱེད་པ་དང་། ལས་རིགས་ཀྱི་མཁར་རྫོང་མེད་པར་བཟོ་བ། ལྗོངས་ཡོངས་སུ་གེགས་མེད་ཡུལ་སྐོར་འཐབ་ཇུས་ལག་ལེན་བསྟར་བ་བཅས་ཀྱི་ཐོག་ནས་བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཚོར་སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

    གཞན་ཡང་བོད་ཀྱིས“ཁྱད་ལྡན་དང་། རིམ་མཐོ། རྩེར་སོན”བཅས་ཀྱི་ཡུལ་སྐོར་ཐོན་ལས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་གཏོང་བ་དང་། རྟ་སྒ་ཆ་སྒྲིག་གི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། A3རིམ་པ་ཡན་གྱི་མཛེས་ལྗོངས་ཁུལ་དུ་སྣུམ་ནག་ལམ་རྩ་བའི་ཆ་ནས་ཤར་གཏོང་ཐུབ་པར་བྱེད་པ། ཡུལ་སྐོར་སྐྱོད་ལམ་རྩེར་སོན་གཏོད་པ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་སྣེ་ལེན་ཞུས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་3000ལས་བརྒལ་བ་བྱ་རྒྱུ་དང་ལོ་རེའི་ཡུལ་སྐོར་ཡོང་འབབ་བསྡོམས་གྲངས་སྒོར་དུང་ཕྱུར་550ལས་བརྒལ་བ་བྱ་རྒྱུ་རེད།

    ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཡུལ་སྐོར་རིག་གནས་རིམ་སྤོར་པར་གཞི་གཏོད་རྒྱུར་གཞོལ་ཞིང་། འདས་ཟིན་པའི་ལོ་འགའ་ཞིག་རིང་ལྷ་ལྡན་གཙུག་ལག་ཁང་འདི་ཉིད་A5རིམ་པའི་མཛེས་ལྗོངས་ཁུལ་དུ་རིམ་སྤོར་བྱས་པ་དང་། རྩ་མདའི་ས་ཚལ་ཏེ་གུ་གེའི་གནའ་ཤུལ་འདི་ཉིད་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་དུ་བསྒྱུར་པ། དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》རྒྱུན་རྣམ་ཅན་གྱི་ཚོང་ལས་འཁྲབ་སྟོན་དུ་བསྒྱུར་པ་བཅས་ཀྱི་ཐོག་ནས་རིག་གནས་དང་ཡུལ་སྐོར་གཉིས་ཟུང་འབྲེལ་ཇི་ཙམ་བྱས་པ་དེ་ཙམ་གྱིས་དམ་ཚགས་སུ་འགྲོ་བཞིན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རིམ་རྩིས་བྱས་ན་2015ལོར་བོད་ཀྱིས་སྣེ་ལེན་ཞུས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་2000ལས་ཐེངས་དང་པོར་བརྒལ་བ་དང་ལོ་ཧྲིལ་པོའི་ཡུལ་སྐོར་ཡོང་འབབ་བསྡོམས་གྲངས་སྒོར་དུང་ཕྱུར་280ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།