དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “ཉི་འོད་གྲོང་ཁྱེར”ལྷ་སས་ལོ་རེར་སྣེ་ལེན་ཞུས་པའི་ཡུལ་སྐོར་བ་མི་གྲངས་ཁྲི་1000ལས་ཐོག་མར་བརྒལ་བ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-01-31

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་བསྡོམས་རྩིས་ལ་གཞིགས་ན། 2015ལོར་ལྷ་སས་སྣེ་ལེན་ཞུས་པའི་ཡུལ་སྐོར་བ་མི་གྲངས་ཁྲི་1000ལས་ཐོག་མར་བརྒལ་ནས་མི་ཐེངས་ཁྲི་1179.03ཟིན་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་154.93བྱུང་བ། ཡུལ་སྐོར་འཕེལ་རྒྱས་འགྲོ་ཚུལ་དེ་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བའི་དུས་མཚམས་ཤིག་ཏུ་སླེབས་ཡོད་པ་རེད།

    ལྷ་སའི་ཡུལ་སྐོར་ཁྲོམ་རའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཉིན་ཤས་གོང་ལྷ་སས་ཆེད་མངགས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་འཚོགས་པ་རེད། ཚོགས་འདུའི་ཐོག་2020ལོར་སླེབས་སྐབས་སྣེ་ལེན་ཞུས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་2400ཟིན་པའི་བརྩོན་ལེན་བྱ་རྒྱུ་དང་། ཡུལ་སྐོར་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར་298ཟིན་པ་བྱ་རྒྱུ་མ་ཟད། ད་དུང་ལྷ་ས་དེ་ཉིད་མཚོ་བོད་ས་མཐོའི་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་གཅིག་པུ་དེར་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།