དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་2015ལོའི་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-22

    གླེང་གཞི།

    2015ལོར་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་བྱེད་སྒོའི་གྲུབ་འབྲས་མངོན་གསལ་དོད་པ་དང་། ས་ཁོངས་མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ། ཁེ་ལས་མཉམ་ལས་སྤེལ་རེས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། འཐབ་ཇུས་ཐད“ནང་དུ་གདན་འདྲེན་པ”དང“ཕྱིར་བསྐྱོད་རྒྱུ”གཉིས་སྤྱོད་རེས་བྱས་ཁར་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་འགྲོ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཡུལ་སྐོར་བས་བོད་ཀྱི་མཛེས་ལྗོངས་སྔར་བས་མྱོང་རོལ་ཐུབ་པ་དེ་བོད་ཀྱི་ཡུལ་སྐོར་ཤེས་རྟོགས་བྱེད་པའི་གོམ་སྟབས་དང་པོར་འགྱུར་བ་བྱས་ཡོད་པ་རེད།

    2015ལོར་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་བྱེད་སྒོའི་གྲུབ་འབྲས་མངོན་གསལ་དོད་པ་དང་། ས་ཁོངས་མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ། ཁེ་ལས་མཉམ་ལས་སྤེལ་རེས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། “ནང་དུ་གདན་འདྲེན་པ”དང“ཕྱིར་བསྐྱོད་རྒྱུ”གཉིས་ཀྱི་འཐབ་ཇུས་སྤྱོད་རེས་བྱས་པ་ལས་ཡུལ་སྐོར་དྲིལ་བསྒྲགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་མ་ཟད། ད་དུང་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་འགྲོ་རྒྱུར་ཡང་ཤུགས་སྣོན་ཐེབས་ཡོད་པ་རེད།

    གཟུགས་བརྙན་དྲིལ་བསྒྲགས་བྱས་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་པ།

    “CCTV《ཞོགས་པའི་གསར་འགྱུར》ནང་རྒྱུན་དུ་བོད་ཀྱི་ཡུལ་སྐོར་མཛེས་ལྗོངས་དང་འབྲེལ་བའི་དྲིལ་བསྒྲགས་པར་གཞི་མཐོང་རྒྱུ་འདུག་པས་ངས་ཡུལ་དེར་དེ་བས་ཡིད་སྨོན་སྐྱེས་བྱུང་། དེར་བརྟེན་རྒྱལ་སྟོན་ངལ་གསོའི་རིང་ངས་ནང་མི་འཁྲིད་ནས་དེ་གར་ཡོང་རྗེས་སྨུག་རྡུལ་མེད་པའི་གནམ་སྔོན་པོ་མཐོང་བྱུང་། གནས་དེ་ནི་མཛེས་སྡུག་ལྡན་པའི་དག་ཞིང་ཞིག་དངོས་འབྲེལ་རེད་འདུག”ཅེས་པེ་ཅིང་གི་སྐུ་ཞབས་ཝང་ལགས་ཀྱིས་བོད་དུ་སྐྱོད་པའི་རིང་གི་མཐོང་ཐོས་རྣམས་བཤད་པ་དང་། ཁོང་གིས་ད་དུང་བོད་དུ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་གང་སར་འདུག ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དྲིལ་བསྒྲགས་པར་གཞིའི་ནང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་བརྙན་འཕྲིན་ཐོག་ཡུད་ཙམ་ཡུད་ཙམ་བསྟན་པ་ལས་ཡུལ་སྐོར་བ་མང་དག་ཅིག་གི་ཡིད་དབང་འཕྲོག་ཡོད་ཅེས་བཤད།

    “མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་བོད་ཀྱི་ཡུལ་སྐོར་གཟུགས་བརྙན་གཏོད་ཆེད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་བོད་ཀྱི་ཡུལ་སྐོར་དྲིལ་བསྒྲགས་བྱེད་ཤུགས་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་བ་དང་མཁའ་འགྲུལ་ཀུང་སི་དང་། བརྙན་འཕྲིན་བརྡ་ཁྱབ། དྲ་སྦྲེལ། ཚགས་པར་དང་དུས་དེབ་སོགས་རྣམ་པ་བརྒྱུད་དུས་ཚོད་དང་བར་མཐོངས་ཐད་ཁྱབ་རྒྱ་ཆེ་རུ་བཏང་སྟེ་བོད་ཀྱི་ཡུལ་སྐོར་གཙོ་གནད་ཐོག་དྲིལ་བསྒྲགས་བྱས་པ་དང་འབྲེལ་ཁྱབ་གདལ་ཡང་བཏང་ཡོད། 《ཞོགས་པའི་གསར་འགྱུར》ཕུད་བོད་ལྗོངས་མཁའ་འགྲུལ་གྱིས་ཀྱང་གནམ་གྲུ་13གྱི་ཐོག་རིན་མེད་ངང་བོད་ཀྱི་ཡུལ་སྐོར་གཟུགས་བརྙན་དྲིལ་བསྒྲགས་པར་གཞི་བསྟན་པ་དང་། ཡུལ་སྐོར་སྲུང་སྐར་དྲ་རྒྱའི་བརྙན་འཕྲིན་ཐོག་དངོས་པར་གློག་བརྙན《བོད་ལྗོངས་ཤེས་ཚོར》ཞེས་པ་བསྟན་པ། 《2015ལོའི་མཛེས་སྡུག་ལྡན་པའི་ཀྲུང་གོའི་བྱ་སྤྱོད་སྟེ་བོད་ཀྱི་ལེའུ》ཞེས་པའི་ནང་མི་དམངས་ཉིན་རེའི་ཚགས་པར་སོགས་སྨྱན་སྦྱོར་གྱི་གསར་འགོད་པ་20ལྷག་ཙམ་གྱིས་བཅར་འདྲི་བྱས་པའི་གནས་ཚུལ་སོགས་བཀོད་པ་བཅས་ལས་རང་ལྗོངས་ཀྱི་ཡུལ་སྐོར་གྱི་དབང་གྲགས་ལྡན་ཚད་སྔར་བས་ཆེ་རུ་གཏོང་བ་དང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་པ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་སྐུལ་འདེད་ནུས་པ་ཐོན་ཡོད་པ་རེད།

    ཁྲོམ་ར་གསར་སྤེལ་གྱིས་ཚོང་འགུགས་ལ་སྐུལ་འདེད་བཏང་བ།

    རྒྱལ་སྤྱིའི་ཐད་རང་ལྗོངས་ཀྱི་ཡུལ་སྐོར་འབྲེལ་ཡོད་སྡེ་ཚན་རྒྱལ་ཁབ་ཡུལ་སྐོར་ཅུས་དང་ཕྱི་རྒྱལ་དུ་བཅའ་སྡོད་དོན་གཅོད་ཁྲུའུ་ཡིས་སྣེ་ཁྲིད་དེ་སྒྲིག་འཛུགས་བྱས་པའི་སི་ཕེན་གྱི་དྲིལ་བསྒྲགས་ཁྱབ་གདལ་བྱེད་སྒོ་དང་། སིང་ཀ་ཕོར་གྱི་ཡུལ་སྐོར་འགྲེམས་སྟོན། ཧན་གོའི་ཡུལ་སྐོར་དངོས་མང་སྟོན་ཚོགས། རྒྱ་གར་ཅར་ཀེ་ཏའི་ཡུལ་སྐོར་ཚོང་འདུས། ཤང་ཀང་དང་ཨའོ་མོན་ཡུལ་སྐོར་འགྲེམས་སྟོན་གྱི་དངོས་མང་འགྲེམས་ཚོགས་5བཅས་ནང་ཞུགས་པ་དང་། ཆེད་ལས་མི་སྣ་3000ལ་སྣེ་ལེན་ཞུས་པ། དྲིལ་བསྒྲགས་ཡིག་རིགས་5000ལྷག་ཙམ་སྤྲད་པ། ངོ་འཕྲད་གྲོས་མོལ་གྱིས་གྲོས་མཐུན་ཡི་གེ་60ལྷག་ཙམ་བཞག་ཡོད་པ་རེད། བྱེད་སྒོས་དམིགས་ས་མི་འདྲ་བར་གཞིགས་ནས་བྲིན་འཚོང་བྱ་རྒྱུ་དང་འཚམ་པའི་ཡུལ་སྐོར་ཐོན་རྫས་དང་ལམ་ཐིག་གྲ་སྒྲིག་བྱས་ཡོད་ལ་རང་ལྗོངས་ཀྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ཀྱང་མངོན་པར་བྱས་ཡོད་པ་རེད།

    རྒྱལ་སྤྱིའི་ཐད་རང་ལྗོངས་ཀྱི་ཡུལ་སྐོར་འབྲེལ་ཡོད་སྡེ་ཚན་གྱིས་སྔ་རྗེས་སུ་ཚོགས་པ་སྒྲིག་འཛུགས་བྱས་ནས་རྒྱལ་ནང་གི་ས་ཆ་ཁག་ཏུ་ཡུལ་སྐོར་འགྲེམས་ཚོགས་བྱེད་སྒོ་སྤེལ་བ་དང་། ས་ཁུལ(གྲོང་ཁྱེར)ཁག་གི་ཡུལ་སྐོར་ཅུས་དང་། ཡུལ་སྐོར་ལས་དོན་ཁང་། མགྲོན་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་སྒྲིག་འཛུགས་བྱས་ནས“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པ་དང“དགུན་དུས་བོད་དུ་ཡུལ་སྐོར་དུ་བསྐྱོད་ནས་དྲོ་འཇམ་ཉི་འོད་ལོངས་སུ་སྤྱོད”ཅེས་པའི་བརྗོད་བྱ་གཙོ་བོར་བྱས་པ། སྐབས་བཅུ་གཅིག་པའི་མཚོ་འགག་ཡུལ་སྐོར་དངོས་མང་སྟོན་ཚོགས་དང་2015ལོའི་པེ་ཅིང་ཡུལ་སྐོར་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སོགས་འགྲེམས་ཚོགས་བྱེད་སྒོ་ཐེངས་14སྤེལ་བར་རིམ་རྩིས་བྱས་ན་ཉིན་གྲངས་60ཟིན་ཡོད། བྱེད་སྒོའི་ནང་གསར་འགོད་པ་300ལྷག་ཙམ་གདན་ཞུ་བྱས་ཏེ་གནས་ཚུལ་སྤེལ་གཏོང་ཤུགས་ཆེན་བྱས་པར་ཡུལ་སྐོར་བའི་དོ་ཁུར་ཐོབ་ཡོད། “མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་ཡུལ་སྐོར་གཟུགས་བརྙན་མི་སེམས་ལ་སྔར་བས་ཟུག་པར་བྱས་པ་དང་ཚོང་འགུགས་མ་འདྲེན་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་བའི་ཐད་སྔོན་དཔག་གི་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།

    ཡུལ་སྐོར་བའི་གདེང་འཇོག་ཐོབ་པ།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་སྡོད་པའི་གྲོང་མི་སྐུ་ཞབས་སུན་ལགས་ཀྱིས་ལོ་དེ་དག་ནང་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ཡུལ་སྐོར་བ་སྔར་ལས་མང་བ་དེ་གར་ཡོང་བ་ལས་བོད་ལ་ཡོང་འབབ་བྱུང་ཡོད་ལ་གསོན་ཤུགས་ཀྱང་དེ་བས་འཕེལ་ཡོད་ཅེས་བཤད།

    “བཀྲ་ཤིས་ཟ་ཁང་གི་ཁ་ལག་བྲོ་བ་ཆེན་པོ་འདུག འོན་ཏེ་ཟ་ཁང་དེ་འདྲ་དངོས་འབྲེལ་ཉུང་དྲགས་འདུག ངས་དེ་ག་ནི་གནས་སྐོར་བའི་ལྷ་ཡུལ་ཙམ་མ་ཟད། ད་དུང་ཟ་རྒྱུར་དགའ་མཁན་ཚོའི་སྐྱིད་ཡུལ་ཞིག་ཏུ་འགྱུར་རེ་བྱེད་ཀྱི་ཡོད”ཅེས་ཀན་སུའུ་ནས་ཡིན་པའི་ཡུལ་སྐོར་བ་སྐུ་ཞབས་སུའུ་ལགས་ཀྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བསྟན་རྒྱས་གླིང་ལམ་གྱི་ཟ་ཁང་ནས་ཁ་ལག་ལ་བྲོ་བ་བལྟས་རྗེས་དེ་ལྟར་བཤད། ཁོང་གིས་ད་དུང་བོད་དུ་ཡུལ་སྐོར་བྱེད་སྐབས་ཟ་འཐུང་སྡོད་སྐྱོད་ཚང་མར་སྤྲོ་སྣང་གིས་ལྡན་པ་དང་ཟ་རྒྱུའི་ཐད་ལྷག་དོན་དུ་དེ་ལྟར་རེད་འདུག “ཟས་ནི་མི་ཡི་འཚོ་རྟེན་ཡིན། ཟས་ཞིམ་ཐད་ཀྱི་ཡུལ་སྐོར་བའི་ཤེས་རྒྱ་ཆེ་རུ་གཏོང་དགོས་ཀྱི་འདུག བོད་ཟས་ཟ་ཁང་ཆུང་ཆུང་ཞིག་ཡིན་རུང་དེར་སོ་སོའི་ཁྱད་ཆོས་དང་བྲོ་བ་ཞིམ་པོ་ཡོད་ཚེ། ཚང་མས་བྲོ་བ་མྱོང་བར་སྐྱོད་རིན་ཆེན་པོ་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།